༡༽ ཆོས་རྗེ་པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་རྣམ་ཐར། རྣམ་ཐར་འདི་ནི་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད་པའི་པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་རྣམ་ཐར་དང་། དེའི་ཁ་སྐོང་ཁྲིམས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚེས་མཛད་པའི་རྣམ་ཐར་གྱི་ལེའུ་ཕྱི་མ། དེ་བཞིན་པཎ་ཆེན་འདིའི་སྐོར་ལ་ཞིབ་འཇུག་བྱས་པའི་རྩོམ་ཡིག་དང་ལྷན་ཐབས་མི་འདྲ་བ་ཁག་དགུ་ལས་གྲུབ་པའི་དཔེ་དེབ་ཅིག་ཡིན། པཎ་ཆེན་འདི་ལ་མཚོན་ན། རྒྱ་གར་དུ་ནང་བསྟན་ཉམས་རྒུད་དུ་འགྲོ་བའི་དུས་ མཇུག་ཙམ་ལ་འཁྲུངས་ཤིང་བོད་དུ་ལན་གསུམ་ཕེབས་མྱོང་བའི་མི་སྣ་གལ་ཆེན་ཞིག་ཡིན་སྟབས། མཁྱེན་ཡངས་དགེ་འདུན་རབ་གསལ་ལགས་ཀྱིས་གཞུང་འདིར་ཞབས་མཆན་རྒྱས་བསྡུས་མི་འདྲ་བ་སུམ་བརྒྱ་མ་ཟིན་ཙམ་བཀོད་དེ།
The post བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ངོ་སྤྲོད། appeared first on བོད་ཀྱི་བང་ཆེན།.




