བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༧།༢༩ Tibet TV Daily News– July 29, 2026

7 hours ago

◆ དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་ཀྱིས་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་རྩིས་བཞེས་གནང་བ། ◆ སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་ལགས་རྣམ་གཉིས་ཀྱི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཡོངས་སུ་ལེགས་གྲུབ་ཟིན་པ། ◆ བོད་པའི་ཚན་རིག་སློབ་ཕྲུག་རྣམས་ལ་དམིགས་པའི་ཟླ་གཅིག་རིང་གི་ཚན་རིག་ཉམས་གསོག་སྦྱོང་བརྡར་ལས་རིམ་མཇུག་སྒྲིལ་བ། ◆ གླེ་རྫོང་དཔོན་ལས་ཁུངས་ཀྱི་ཁྲལ་བསྡུའི་འགན་འཛིན་གཞོན་པ་མཆོག་གིས་ལ་དྭགས་བསོད་ནམས་གླིང་གི་གནད་ཡོད་མི་སྣ་རྣམས་དང་ལྷན་དུ་ས་ཆ་དང་འབྲེལ་བའི་ཚོགས་འདུ་ཚོགས་པ། ◆ འཕྲོད་བསྟེན་ལས་ཁུངས་ནས་ལ་དྭགས་བསོད་ནམས་གླིང་དུ་མ་དང་བྱིས་པའི་འཕྲོད་བསྟེན་ཐོག་ཟབ་སྦྱོང་ཕུལ་བ། #dalailama #TibetansforTibet #centraltibetanadministration #dailynews #tibettv
Watch on YouTube