བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༧།༣༠ Tibet TV Daily News– July 30, 2026

2 hours ago

◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་སེམས་ཀྱི་ཞི་བདེའི་གལ་གནད་སྐོར་བཀའ་སློབ་སྩལ་བ། ◆ བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་པ། ◆ བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པ་མཇུག་སྒྲིལ་བ། ◆ ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་སྦྱོང་བརྡར་སྤྲོད་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་ངོ་སྤྲོད་བསྐྱར་ཞིབ་དང་སྦྱོང་བརྡར་དགོས་མཁོ་དཔྱད་ཞིབ་ཐོག་ཟབ་སྦྱོོང་ཞིག་ཚོགས་པ། ◆ ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་སྣེ་ཁྲིད་པའི་ས་གནས་བོད་མི་རྣམས་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་རིག་གཞུང་སྣ་མང་གི་དུས་སྟོན་ཐོག་མཉམ་ཞུགས་གནང་བ། ◆ སུད་སིར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་དབྱར་ཁའི་ཟབ་སྦྱོང་ཐེངས་བདུན་པ་ཚོགས་པ། #dalailama #TibetansforTibet #centraltibetanadministration #dailynews #tibettv
Watch on YouTube