བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༠༤ Tibet TV Daily News– August 04, 2026

2 hours ago

◆སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོལ་གསུམ་བོད་མི་ཡོངས་ནས་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་ལ་ཧུར་ཐག་གནང་དགོས་པའི་བཀའ་སློབ་ཕེབས་པ། ◆ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དང་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡོངས་ཁྱབ་འབོད་བསྐུལ་གནང་བ། ◆ དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲུལ་ཡིག་ཚགས་ཐོན་རིམ་གཉིས་པ་དེ་དབུ་འབྱེད་གནང་བ། ◆ ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཞེ་གསུམ་པ་ལེགས་གྲུབ་ཟིན་པ། ◆ ཤེས་རིག་ལས་ཁུངས་ཀྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་གོ་རྟོགས་ལས་རིམ་ལེགས་གྲུབ་བྱུང་བ། #dalailama #TibetansforTibet #centraltibetanadministration #dailynews #tibettv
Watch on YouTube