བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༣༡ Tibet TV Daily News– August 31, 2026

5 hours ago

◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་ཚོགས་དང་དགོན་ཚོགས། བསོད་ནམས་གླིང་བོད་མིའི་གཞིས་ཆགས་བཅས་བརྟན་བཞུགས་བསྟར་འབུལ་ཞུས་པ། ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནོར་ཝེའི་རྒྱལ་པོ་ཧ་རལ་ (Harald) མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་པ། ◆ དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གི་མཇལ་ཁ་ཞུས་པ། ◆ སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་དང་སྤྱི་འཐུས་ཀོང་རྩ་ལྷ་མོ་ཚེ་རིང་ལགས་རྣམ་གཉིས་ཧོན་སུར་རབ་རྒྱས་གླིང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ། ◆ ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ Philippines ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བ། #dalailama#TibetansforTibet #centraltibetanadministration #dailynews #tibettv
Watch on YouTube