བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༡༠།༢༧ Tibet TV Daily News– Oct. 27, 2026

1 hour ago

◆ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བའི་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་ཞུས་པ། ◆ དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་དབུ་འབྱེད་མཛད་སྒོར་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ཕེབས་ཞུགས་གནང་བ། ◆ སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་རྗེས་དྲན་འདུ་སྐུ་དབུ་འབྱེད་གནང་བ། ◆ སུད་སི་དང་རྒྱ་ནག་དབར་གྱི་གྲོས་མོལ་ཐེངས་ ༡༩ པའི་ཐོག་སུད་སི་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་བསྟན་པ། ◆ ལྡི་ལི་སྐུ་ཚབ་དོན་ཁང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་འདུ་བསྐོང་ཚོགས་གནང་བ། #dalailama #TibetansforTibet #centraltibetanadministration #dailynews #tibettv #TibetMatters #TibetanIdentity
Watch on YouTube