བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༡༠།༣༠ Tibet TV Daily News– Oct. 30, 2026

3 hours ago

◆ བོད་ནག་ཆུ་སྦྲ་ཆེན་ཕྱོགས་སུ་ས་ཡོམ་གྱི་གོད་ཆག་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུས་པ། ◆ རྒྱ་ནག་གཞུང་གིས་རྫ་སེར་ཤུལ་དགོན་པའི་གྲྭ་ཤག་གཏོར་བཤིག་གི་ལས་འགུལ་སྤེལ་བཞིན་པ། ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་ལྔའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འབྱེད་གནང་བ། ◆ དཔལ་ལྡན་སྲིད་སྐྱོང་མཆོག་རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཕེབས་ཞུགས་ཀྱིས་གསུང་བཤད་གནང་བ། ◆ དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གི་དབུ་འབྱེད་མཛད་སྒོར་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ཕེབས་ཞུགས་གནང་བ། ◆ དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ། ◆ དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་སྦིར་སྡེ་ནང་གསུམ་དང་མོན་གྷོ་འདོད་རྒུ་གླིང་དུ་འཚམས་གཟིགས་གནང་བ། ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ Metropolitan Chrysostomos གཟེངས་རྟགས་ཕུལ་བ། ◆ དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་དབུ་བཞུགས་ཐོག་བོད་ཕྲུག་གི་ཤེས་ཡོན་དང་བདེ་དོན་མ་དངུལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༨ པ་བསྐོང་ཚོགས་གནང་བ། #dalailama #TibetansforTibet #centraltibetanadministration #dailynews #tibettv #TibetMatters #TibetanIdentity
Watch on YouTube