བོད་ཀྱི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༦ འཁོར་བའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོ།

2 hours ago

དེ་རིང་ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་གཞུང་འབྲེལ་མཛད་སྒོ་ཐོག བཀའ་ཤག་གིས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་དང་། ལྷག་པར་དུ་ “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་དེད་ཀྱི་ཁྲིམས་ཡིག་” ཟེར་བ་སོགས་ཀྱི་རྒྱབ་ལྗོངས་རྒྱལ་སྤྱིའི་ཐོག་འགྲེལ་བཤད་བྱས་ཡོད་པ་དང་། དེ་དག་བརྙན་ཐུང་ལམ་ནས་ངོ་སྤྲོད་བྱེད་ཆར་ཡོད་པ་གསུངས་སོང་བ་དང་སྦྲགས། རྒྱ་ནག་གི་སྲིད་བྱུས་ལ་གདོང་ལེན་བོད་མིའི་ཁྱིམ་ཚང་རེ་རེའི་ངོས་ནས་ཀྱང་འགན་ཁུར་ལེན་དགོས་པའི་ནན་ཏན་གནང་སོང་། གཞུང་འབྲེལ་མཛད་སྒོ་དེའི་ཐོག་ ༡༩༨༩ ལོའི་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་སློབ་མའི་ཞི་བའི་ངོ་རྒོལ་གྱི་འགོ་ཁྲིད་ཝང་དན་ (Wang Dan) ཀྱིས་གཙོས་པའི་རྒྱལ་སྤྱིའི་རྒྱ་རིགས་དོན་གཉེར་བ་ ༣༠ སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྲི་ཞུ་ལས་བྱེད། ས་གནས་སེར་སྐྱ་མང་ཚོགས་བཅས་བརྒྱ་ཕྲག་མང་པོ་ལྷན་འཛོམས་ཀྱིས་དུས་ཆེན་སྲུང་བརྩི་ཞུས་ཡོད།
Watch on YouTube