བོད་དང་བལ་ཡུལ་ས་མཚམས་སུ་ཆུ་ལོག་བྱུང་ནས་མི་༡༦༠ ལྷག་རྐྱེན་འདས་སུ་ཕྱིན། A deadly flash flood

3 hours ago

སྤྱི་ཟླ་༨་པའི་ཚེས་༢༦ ཉིན་བོད་དང་བལ་ཡུལ་གྱི་ས་མཚམས་སུ། གློ་བར་དུ་ཆུ་ལོག་དང་ས་རུད་བྱུང་ནས་མི་༡༥༠ ལྷག་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་ཐོན་འདུག་པ་མ་ཟད། ད་དུང་རྐྱེན་འདས་སུ་ཕྱིན་པའི་ཁ་གྲངས་དེ་ལས་མང་བ་ཡོང་སྲིད་པ་ཚོད་པ་་གནང་བཞིན་འདུག་ཅིང་། རྒྱ་ནག་གཞུང་འབྲེལ་གསར་སྤེལ་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། ཆུ་ལོག་དེའི་རྐྱེན་པའི་བོད་ནང་མི་གསུམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་༢༥༠ ལྷག་ད་ལྟའི་ཆར་གར་སོང་ཆར་མེད་དུ་གྱུར་ཡོད་ཚུལ་རྒྱ་ནག་གཞུང་གིས་བསྒྲགས་འདུག གནད་དོན་དེ་དག་གི་སྐོར་ཞིབ་ཕྲ་ཨེ་རླུང་ཚང་གི་རྩོམ་སྒྲིག་པ་ཟུར་པ་དང་ཟམ་པ་ལྷུག་གཏམ་གཙོ་སྐྱོང་བ་རྡོ་རྗེ་དགྲ་འདུལ་ལགས་དང་ལྷན་དུ་གླེང་མོལ་ཞུས་ཡོད།
Watch on YouTube