བོད་དམག་ཁུལ་ཁང་གི་བྱུང་བ་བརྗོད་པ་ཞེས་པའི་སྙན་ཐོ་འདོན་སྤེལ།
ཕྱི་ཟླ་ ༨ ཚེས་ ༡༢ ཉིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་དང་། བློ་བཟང་བཀྲ་ཤིས་ལགས། ཕན་ཐོགས་ལགས་བཅས་ཐུན་མོང་ནས་ཉམས་ཞིབ་གནང་བའི་བོད་དམག་ཁུལ་ཁང་གི་བྱུང་བ་བརྗོད་པ་ཞེས་པའི་སྙན་ཐོ་ཞིག་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དབུ་བཞུགས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་དབུ་འབྱེད་གནང་སོང་། སྙན་ཐོ་དེའི་ནང་རྒྱ་ནག་དམག་སྲིད་ཁྱབ་ཁོངས་ལས་བོད་དམག་ཁུལ་ཁང་གི་དམག་དོན་སྒྲིག་འཛུགས་དང་འཛུགས་སྐྲུན། དེའི་འཕེལ་རིམ་བཅས་ལ་དབྱེ་ཞིབ་གནང་འདུག་ཅིང་། སྙན་ཐོ་འདོན་སྤེལ་དང་འབྲེལ་ནས་ཉམས་ཞིབ་པ་རྣམ་པ་གསུམ་གྱིས་ནང་དོན་ངོ་སྤྲོད་གནང་ཡོད། །





