བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༨།༠༧ | དབུས་སྐད་ལས་རིམ།

3 hours ago

1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཉིན་ལྟར་འཛམ་གླིང་ས་ཕྱོགས་ཁག་ནས་མཇལ་ཁ་ཞུ་མཁན་ཚོར་ཐུགས་བརྩེ་ཆེན་པོས་མཇལ་ཁ་དང་བཀའ་སློབ་གནང་བཞིན་ཡོད་འདུག། 2 ལ་དྭགས་སུ་ཆོས་སྐུལ་གོམ་བགྲོད་གནང་སྟེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་འདུག། 3 རྒྱ་ནག་གིས་པཎ་ཆེན་དུ་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུ་བོད་དུ་བཏང་ཡོད་པ། 4 ཨ་རིས་རྒྱ་ནག་གི་ཁེ་ལས་ ༤༣ བཀག་སྡོམ་བྱས་པའི་ནང་བོད་དང་འབྲེལ་ཡོད་ཁེ་ལས་གཉིས་ཚུད་ཡོད་འདུག། 5 རྒྱ་ནག་གཞུང་གིས་བཙོན་ཁང་ནང་ཉེས་རྡུང་བཏང་སྟེ་ཡེ་ན་དགོན་པའི་ཕྱག་མཛོད་མགོན་པོ་ཚེ་རིང་ལགས་ཀྱི་སྐུ་གཟུགས་གནས་སྟངས་མུ་མཐུད་ཛ་དྲག་འོག་གནས་ཡོད་འདུག 6 ༧གོང་ས་མཆོག་གི་སྐུ་པར་སྟོན་པར་འཛིན་བཟུང་བྱས་པའི་མི་སྣ་གློད་འགྲོལ་དགོས་སྐོར་བརྗོད་པ། 7 ད་རེས་ཟླ་ ༨ ཚེས་ ༡ ཉིན་རྒྱ་དཀར་ནག་གིས་འཕགས་བོད་ས་མཚམས་ཀྱི་ཚོང་ལམ་གསུམ་བསྐྱར་དུ་སྒོ་མོ་ཕྱེ་ཡོད་པ། 8 ཚེས་ ༡ ཉིན་ཁུ་ནུ་ཁུལ་གྱི་སྲིབ་སྐྱིད་ལའི་ཚོང་ལམ་རྙིང་པ་འདི་ཡང་ལོ་དགུའི་རྗེས་བསྐྱར་དུ་སྒོ་ཕྱེ་ཡོད་པ། 9 ཉེ་ཆར་རྒྱ་དཀར་ནག་གཉིས་ཀྱིས་འཕགས་བོད་ས་མཚམས་སུ་མཐའ་སྲུང་དང་འབྲེལ་བའི་གནས་ཚུལ་ཞིག་ཐོན་ཡོད་པ། 10 བལ་ཡུལ་གཞུང་གིས་ཀཐ་མཎ་ཌུར་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་ ༡༧ པ་ཕྱིར་འཐེན་དགོས་པ་གོ་སྒྲིག་ཚོགས་ཆུང་ལ་བཀོད་ཁྱབ་བཏང་འདུག 11 བློ་དགའ་རང་བཙན་ལགས་འདས་གྲོངས་སུ་སོང་ནས་ཟླ་བ་གཅིག་འཁོར་བའི་སྐབས་དེར་བོད་དོན་རྒྱབ་སྐྱོར་བ་རི་ཆརཌི་གྷིར་ལགས་དང་བོད་མི་ཚོས་འཛམ་གླིང་གིས་དོ་སྣང་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ། 12 ས་གནས་གང་སར་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་ཏེ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ཟླ་བ་གཅིག་ཕྱིན་པའི་སྐབས་དེར་དམ་པ་ཁོང་ལ་དྲན་གསོ་ཞུས་ཡོད་པ། 13 ད་བར་རང་སྲེག་གནང་མཁན་བོད་མི་ ༡༧༠ ལྷག་ལ་གདུང་སེམས་མཉམ་བསྐྱེད་དང་དྲན་གསོའི་ཆེད་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢ ཉིན་ལས་འགུལ་སྤེལ་ཡོད་པ། 14 མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་སྣང་མེད་དུ་བཏང་པར་ངོ་རྒོལ་གྱི་ཆེད་རྡ་རམ་ས་ལར་ངག་བཅད་ཀྱི་ལས་འགུལ་ཞིག་སྤེལ་གནང་འདུག 15 དགུང་ལོ་ ༨༢ ཡིན་པའི་ལས་འགུལ་བ་ཞིག་གིས་བློ་དགའ་རང་བཙན་ལཊ་ལ་ཆེ་བསྟོད་ཞུ་ཆེད་གཟའ་འཁོར་གཉིས་རིང་སྤྱི་ལེ་ ༤༠༠ ཙམ་གྱི་སར་བསྐྱོད་རྒྱུའི་ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་གནང་ཡོད་པ། 16 ལ་དྭགས་སྤང་གོང་མཚོར་ལ་དྭགས་དང་རྒྱ་གར་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པས་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་དང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག། 17 ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞོན་སྐྱེས་དྭང་བླངས་བ་ཁག་ཅིག་གི་གོ་སྒྲིག་འོག་ལ་དྭགས་སླེ་ནས་མཁར་གདོང་ལའི་བར་སྦག་སྦག་བཏང་ནས་སྐོར་སྐྱོད་གནང་སྟེ་བློ་དགའ་རང་བཙན་ལགས་དམ་པར་རྗེས་དྲན་ཞུས་འདུག Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/34670471?utm_source=youtube
Watch on YouTube