ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཐེངས་དྲུག་པ་དབུ་འཛུགས་གནང་བ།
༄༅། །ཡོ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༢༤ ནས་ ༢༦ བར་ཉིན་གྲངས་གསུམ་རིང་། ༸སྐྱབས་མགོན་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གསུམ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཀྱིས། སུད་སི་ཛུ་རིག་ཁྱབ་ཁོངས་ཐུར་པན་ཐལ་ (Turbenthal) གྲོང་ཁྱེར་དུ་གྲྭ་བཙུན་སྔགས་གསུམ་གདན་འཛོམས་པའི་ཐོག་ཐེངས་དྲུག་པའི་སྨོན་ལམ་ཚོགས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢༤ ཉིན་ཡུ་རོབ་འཇིག་རྟེན་ཞི་བདེའི་སྨོན་ལམ་ཐེངས་དྲུག་པའི་དབུ་འཛུགས་ཉིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་དགེ་འདུན་པ་རྣམས་དང་། བོད་མི་མང་སྤྱི་འཐུས་ཟུར་པ། དེ་བཞིན་ས་གནས་མང་ཚོགས་བཅས་མཉམ་ཞུགས་གནང་ཡོད་པ་བཅས།།




