རྒྱ་ནག་གི་མི་རིགས་མཐུན་སྒྲིལ་བཅའ་ཁྲིམས་ཟེར་བར་ངོ་རྒོལ་གྱི་གོམ་བགྲོད་དབུ་འབྱེད།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༣༠ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། བོད་མི་རིགས་རྩ་མེད་དུ་གཏོང་བའི་རྒྱ་ནག་གི་སྲིད་བྱུས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བར་ངོ་རྒོལ་གྱི་ཆེད་དུ། བཞུགས་སྒར་རྡ་རམ་ས་ལ་ནས་ཧ་རི་ཡ་ན་མངའ་སྡེའི་ནང་གི་ལོ་རྒྱུས་ལྡན་པའི་གྲོང་ཁྱེར་ཀུ་རུག་ཤེ་ཏེ་ར་ (Kurukshetra) བར་དུ། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གོ་སྒྲིག་གནང་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་དབུ་འབྱེད་གནང་སོང་། །





