ལ་དྭགས་ནང་རང་བཙན་བློ་དགའ་ལགས་ཀྱི་ཆེད་ཞེ་དགུའི་མཆོད་འབུལ་སྨོན་ལམ་འཚོགས།

2 hours ago

དེ་རིང་ཟླ ༨ པའི་ཚེས་༢༠ ཉིན་ཀྱི་ཞོགས་པར་ལ་དྭགས་བསོད་ནམས་གླིང་མི་མང་ཚོགས་ཁང་དུ་ས་གནས་ཆོས་རིག་ལས་ཁུངས་དང། ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས། དེ་མིན་དང་བླངས་ཕོ་གསར་རུ་ཁག་བཅས་ཀྱིས་དཔའ་བོ་རང་བཙན་བློ་དགའ་ཡི་ཞག་ཞེ་དགུའི་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་གནང་འདུག་པ་དང་། དགོང་མོ་མར་མེའི་ཁྲོམ་སྐོར་ཞིག་ཀྱང་གོ་སྒྲིག་གནང་འཆར་རེད་འདུག
Watch on YouTube