西藏之声 - Tibet Tribune

西藏之声

དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཆེད་དུ་དྲན་རྟེན་གྱི་བཀོད་པ་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ་གདན་ཞུས།

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་ནིའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་བཏང་ནས་ཟླ་གཉིས་ལྷག་འགྲོ་བཞིན་པ་དང་བསྟུན། དམ་པ་ཁོང་གི་དྲན་རྟེན་གྱི་ཆེད་དུ་ཕི་ཀྲི་ ༦ ཅན་གྱི་བཀོད་པ་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ་གདན་ཞུས་གནང་འདུག དེ་ཡང་ཟླ་འདིའི་ཚེས་ ༨ ནས་འགོ་འཛུགས་ཀྱིས་ཁྱོན་ཟླ་གཅིག་རིང་ཨ་རི་ནིའུ་ཡོག་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༨༡ པ་དེ་འཚོགས་གཏན་ཁེལ་ཡོད་པ་དང་བསྟུན། ས་གནས་གཞུང་གིས་བཀའ་ཁྱབ་འོག་རྒྱལ་ཚོགས་གཡས་གཡོན་གྱི་ལམ་ཁ་ཆ་ཚང་བཀག་འཁྱིལ་བྱེད་དགོས་པ་དང་འབྲེལ། ཁ་སང་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ས་གནས་བོད་མི་བརྒྱ་ཕྲག་ལྷག་གིས་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་སྦྲགས། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་འདྲ་པར་དང་མེ་ཏོག་སོགས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་བདེ་བཞིའི་ཚོགས་ཁང་ནང་གདན་ཞུས་གནང་འདུག མ་ཟད་ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ས་གནས་ནིའུ་ཡོག་ཏྲེ་ཧོར་སྐྱིད་སྡུག་ཚོགས་པའི་མཐུན་འགྱུར་འོག རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཆེད་དུ་དྲན་རྟེན་བཀོད་པ་ཞིག་བཞེངས་འདུག་པ་དང་། བཀོད་པ་དེ་བཞིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་རྩིས་སྤྲོད་ཀྱིས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་ཚོགས་ཁང་ཉེ་འགྲམ་གྱི་ 52-12 Tibet Way, 32nd Avenue, Woodside, NY 11377 ས་ཚིགས་སུ་གཏན་འཇགས་བཞག་རྒྱུའི་ཐག་གཅོད་བྱུང་འདུག་པ་མ་ཟད། རིམ་པའི་ས་གནས་གཞུང་ནས་བཀའ་ཁྲོལ་དང་སྦྲགས། ཁྲིམས་མཐུན་གྱི་ཐོག་ནས་བཞག་རྒྱུའི་ཐག་གཅོད་ཀྱི་གསལ་བསྒྲགས་སྤེལ་འདུག གསལ་བསྒྲགས་ལ་གཞིགས་ན། གལ་ཏེ་ས་གནས་གཞུང་ནས་ཆོག་མཆན་ཐོབ་པ་ཡིན་ན་རིམ་པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་བཟོ་བཀོད་པ་དང་འཆར་འགོད་པ། དེ་བཞིན་བཟོ་བཀོད་ཀྱི་གན་རྒྱ་འཇོག་མཁན་སོགས་དང་འབྲེལ་བ་གནང་སྟེ། དཔའ་བོ་དམ་པ་ཁོང་གི་དྲན་རྟེན་གྱི་བཀོད་པ་དེ་གཏན་འཇགས་བཞེངས་རྒྱུ་ཡིན་པ་དང་། ས་གནས་བོད་མི་མང་ཚོགས་ནས་ཀྱང་དེ་འབྲེལ་རྒྱབ་སྐྱོར་གནང་དགོས་གལ་ཆེ་བ་ཡིན་པ་བརྗོད་འདུག རྩ་བའི་ཁ་སང་ནིའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ནས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་འདྲ་པར་དང་མེ་ཏོག་སོགས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་གདན་ཞུ་གནང་བའི་སྐབས། གླེང་སློང་བྱུང་བའི་བརྙན་པར་ཁག་ཅིག་སྤྱི་ཚོགས་དྲྭ་རྒྱའི་སྟེང་ཁྱབ་གདལ་འགྲོ་བཞིན་པར་གཞིགས་ན། རྗེས་དྲན་བཀོད་པ་དེ་བཞིན་གཏན་འཇགས་འཇོག་སའི་ས་ཚིགས་ཀྱི་གནད་དོན་དེ་ཆགས་ཀྱི་འདུག་ཅིང་། མི་མང་རྣམ་པས་དེ་འབྲེལ་ས་ཚིགས་གཏན་འཁེལ་ཡོང་བའི་ཡིག་ཐོག་གསལ་བསྒྲགས་དགོས་པའི་དགོས་འདུན་བཏོན་པ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་དེ་འབྲེལ་གསལ་བསྒྲགས་སྤེལ་བ་ཞིག་ཆགས་ཀྱི་འདུག...

དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཆེད་དུ་དྲན་རྟེན་གྱི་བཀོད་པ་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ་གདན་ཞུས།

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་ནིའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་བཏང་ནས་ཟླ་གཉིས་ལྷག་འགྲོ་བཞིན་པ་དང་བསྟུན། དམ་པ་ཁོང་གི་དྲན་རྟེན་གྱི་ཆེད་དུ་ཕི་ཀྲི་ ༦ ཅན་གྱི་བཀོད་པ་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ་གདན་ཞུས་གནང་འདུག དེ་ཡང་ཟླ་འདིའི་ཚེས་ ༨ ནས་འགོ་འཛུགས་ཀྱིས་ཁྱོན་ཟླ་གཅིག་རིང་ཨ་རི་ནིའུ་ཡོག་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༨༡ པ་དེ་འཚོགས་གཏན་ཁེལ་ཡོད་པ་དང་བསྟུན། ས་གནས་གཞུང་གིས་བཀའ་ཁྱབ་འོག་རྒྱལ་ཚོགས་གཡས་གཡོན་གྱི་ལམ་ཁ་ཆ་ཚང་བཀག་འཁྱིལ་བྱེད་དགོས་པ་དང་འབྲེལ། ཁ་སང་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ས་གནས་བོད་མི་བརྒྱ་ཕྲག་ལྷག་གིས་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་སྦྲགས། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་འདྲ་པར་དང་མེ་ཏོག་སོགས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་བདེ་བཞིའི་ཚོགས་ཁང་ནང་གདན་ཞུས་གནང་འདུག མ་ཟད་ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ས་གནས་ནིའུ་ཡོག་ཏྲེ་ཧོར་སྐྱིད་སྡུག་ཚོགས་པའི་མཐུན་འགྱུར་འོག རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཆེད་དུ་དྲན་རྟེན་བཀོད་པ་ཞིག་བཞེངས་འདུག་པ་དང་། བཀོད་པ་དེ་བཞིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་རྩིས་སྤྲོད་ཀྱིས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་ཚོགས་ཁང་ཉེ་འགྲམ་གྱི་ 52-12 Tibet Way, 32nd Avenue, Woodside, NY 11377 ས་ཚིགས་སུ་གཏན་འཇགས་བཞག་རྒྱུའི་ཐག་གཅོད་བྱུང་འདུག་པ་མ་ཟད། རིམ་པའི་ས་གནས་གཞུང་ནས་བཀའ་ཁྲོལ་དང་སྦྲགས། ཁྲིམས་མཐུན་གྱི་ཐོག་ནས་བཞག་རྒྱུའི་ཐག་གཅོད་ཀྱི་གསལ་བསྒྲགས་སྤེལ་འདུག གསལ་བསྒྲགས་ལ་གཞིགས་ན། གལ་ཏེ་ས་གནས་གཞུང་ནས་ཆོག་མཆན་ཐོབ་པ་ཡིན་ན་རིམ་པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་བཟོ་བཀོད་པ་དང་འཆར་འགོད་པ། དེ་བཞིན་བཟོ་བཀོད་ཀྱི་གན་རྒྱ་འཇོག་མཁན་སོགས་དང་འབྲེལ་བ་གནང་སྟེ། དཔའ་བོ་དམ་པ་ཁོང་གི་དྲན་རྟེན་གྱི་བཀོད་པ་དེ་གཏན་འཇགས་བཞེངས་རྒྱུ་ཡིན་པ་དང་། ས་གནས་བོད་མི་མང་ཚོགས་ནས་ཀྱང་དེ་འབྲེལ་རྒྱབ་སྐྱོར་གནང་དགོས་གལ་ཆེ་བ་ཡིན་པ་བརྗོད་འདུག རྩ་བའི་ཁ་སང་ནིའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ནས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་འདྲ་པར་དང་མེ་ཏོག་སོགས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་གདན་ཞུ་གནང་བའི་སྐབས། གླེང་སློང་བྱུང་བའི་བརྙན་པར་ཁག་ཅིག་སྤྱི་ཚོགས་དྲྭ་རྒྱའི་སྟེང་ཁྱབ་གདལ་འགྲོ་བཞིན་པར་གཞིགས་ན། རྗེས་དྲན་བཀོད་པ་དེ་བཞིན་གཏན་འཇགས་འཇོག་སའི་ས་ཚིགས་ཀྱི་གནད་དོན་དེ་ཆགས་ཀྱི་འདུག་ཅིང་། མི་མང་རྣམ་པས་དེ་འབྲེལ་ས་ཚིགས་གཏན་འཁེལ་ཡོང་བའི་ཡིག་ཐོག་གསལ་བསྒྲགས་དགོས་པའི་དགོས་འདུན་བཏོན་པ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་དེ་འབྲེལ་གསལ་བསྒྲགས་སྤེལ་བ་ཞིག་ཆགས་ཀྱི་འདུག...

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༤ པ་འཚོགས་བཞིན་པ།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༤ པ་འཚོགས་བཞིན་པ་དང་། ཚོགས་ཆེན་དེའི་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལ་གདོང་ལེན་སོགས་ཀྱི་གྲོས་གཞི་དོན་ཚན་ ༡༠ ཐོག་གོ་བསྡུར་སྦྱང་བཤད་གནང་བཞིན་འདུག དེ་ཡང་སྔ་ལོར་དེ་འབྲེལ་ཚོགས་ཆེན་ཐོག་གྲོས་ཆོད་གཏན་འབེབས་གཞིར་བཟུང་ཐེངས་འདིའི་ཚོགས་ཆེན་དེ་ནིའུ་ཡོག་ནང་དུ་འཚོགས་གཏན་ཁེལ་བ་བཞིན། ཟླ་བ་འདིའི་ཕྱི་ཚེས་ ༤ ནས་འགོ་འཛུགས་ཀྱིས་དེ་རིང་ཚེས་ ༧ བར་ཉིན་གྲངས་བཞིའི་རིང་ཨ་རིའི་ནིའུ་ཡོག་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་འཚོགས་བཞིན་ཡོད་ཅིང་། ཚོགས་ཆེན་ཐོག་དེབ་སྐྱེལ་ཡོད་པའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་ཁག་ ༢༨ ནས་ ༢༥ ཡིས་མཉམ་ཞུགས་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་སུ་ད་རེས་ཚོགས་ཆེན་ཐོག་གི་གྲོས་གཞི་དང་འབྲེ་ལ་ནས་བཀའ་འདྲི་ཞུས་སྐབས། ཁོང་གིས་གྲོས་གཞི་དོན་ཚན་ ༡༠ ཡོད་པ་དང་། དེ་དག་གི་ནང་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དང་འབྲེལ་ནས་གཟའ་མཇུག་སློབ་གྲྭའི་ནང་བོད་ཡིག་ཡར་རྒྱས་དང་། དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ། དེ་བཞིན་ཕ་མའི་ངོས་ནས་འགན་འཁུར་བཞེས་ཕྱོགས་ཐད་གོ་བསྡུར་གནང་ཡོད་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལྟར་སཱི་ཤེས་ཡོན་སློབ་གསོ་ཐད་སྤྱི་མཐུན་ཚོགས་པ་ཁག་གིས་ལག་བསྟར་བྱེད་བཞིན་པ་དེ་སྔར་ལྷག་ཚགས་ཚུད་དང་ཡར་རྒྱས་གཏོང་ཕྱོགས་ཐད་གོ་བསྡུར། དེ་བཞིན་བྱང་ཨ་རིའི་ནང་བོད་དོན་ཞུ་གཏུག་ལས་འགུལ་ཇེ་ཤུགས་ཆེ་རུ་གཏོང་ཕྱོགས་དང་བརྒྱུད་ལམ་ཁག་ལ་སྔར་ལྷག་འབྲེལ་བ་དམ་གཟབ་གཏོང་རྒྱུ་སོགས་ཡིན་པ་འགྲེལ་བརྗོད་གནང་སོང་། ད་རེས་ཚོགས་ཆེན་ཐོག་གཞན་ཡང་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་རྣམ་པའི་ཚོགས་ཆེན་དེ་བཞིན་ཏོག་དབྱིབས་གཉེན་རིམ་ཁྱབ་གདལ་རྗེས་ད་བར་དྲ་ཐོག་ནས་ཚོགས་ཡོད་ཀྱང་། ལོ་རྗེས་མ་དེ་འབྲེལ་ཚོགས་ཆེན་དངོས་སུ་ཨ་རི་མི་ནི་སོ་ཊར་འཚོགས་གཏན་ཁེལ་ཡོད་པ་དང་། དེ་བཞིན་སྔ་ལོ་༸རྒྱལ་བའི་གོ་སྟོན་དང་འབྲེལ་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་ ༡༠ མཉམ་ཞུགས་ཀྱིས་རིག་སྩལ་འགྲན་བསྡུར་ཚོགས་ཡོད་པར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ས་ཆ་གང་སར་ནས་རྗེས་སུ་ཡི་རང་དང་མུ་མཐུད་གནང་དགོས་གལ་གྱི་དགོངས་ཚུལ་ལ་གཞིགས་ཏེ། ལོ་གཉིས་རེ་མཚམས་སུ་གནང་རྒྱུ་ཐག་གཅོད་བྱུང་བ་བཞིན། ཕྱི་ལོ་ ༢༠༢༨ ལོའི་རིག་རྩལ་འགྲན་བསྡུར་དེ་བཞིན་བྱང་ཀེ་ལི་ཕོར་ནི་ཡཱ་འཚོགས་གཏན་འཁེལ་འདུག མ་ཟད་བློ་དགའ་རང་བཙན་ལགས་དང་འབྲེལ་བའི་གྲོས་ཆོད་གཞག་རྒྱུ་ཡིན་ཞིང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་གདོང་ལེན་ཆེད་དུ་ཟླ་བ་འདིའི་བདུན་ཕྲག་བཞི་པར་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཀྱི་བདུན་ཕྲག་སྲུང་བརྩི་ཞུ་རྒྱུའི་བཀོད་ཁྱབ་བཏང་བ་གཞིར་བཟུང་། ས་གནས་ནས་ལས་གཞི་སྤེལ་ཕྱོགས་ཐད་གོ་བསྡུར་གནང་བཞིན་པ་རེད་འདུག གཞི་རྩའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་...

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༤ པ་འཚོག་བཞིན་པ།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༤ པ་འཚོགས་བཞིན་པ་དང་། ཚོགས་ཆེན་དེའི་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལ་གདོང་ལེན་སོགས་ཀྱི་གྲོས་གཞི་དོན་ཚན་ ༡༠ ཐོག་གོ་བསྡུར་སྦྱང་བཤད་གནང་བཞིན་འདུག དེ་ཡང་སྔ་ལོར་དེ་འབྲེལ་ཚོགས་ཆེན་ཐོག་གྲོས་ཆོད་གཏན་འབེབས་གཞིར་བཟུང་ཐེངས་འདིའི་ཚོགས་ཆེན་དེ་ནིའུ་ཡོག་ནང་དུ་འཚོགས་གཏན་ཁེལ་བ་བཞིན། ཟླ་བ་འདིའི་ཕྱི་ཚེས་ ༤ ནས་འགོ་འཛུགས་ཀྱིས་དེ་རིང་ཚེས་ ༧ བར་ཉིན་གྲངས་བཞིའི་རིང་ཨ་རིའི་ནིའུ་ཡོག་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་འཚོག་བཞིན་ཡོད་ཅིང་། ཚོགས་ཆེན་ཐོག་དེབ་སྐྱེལ་ཡོད་པའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་ཁག་ ༢༨ ནས་ ༢༥ ཡིས་མཉམ་ཞུགས་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་སུ་ད་རེས་ཚོགས་ཆེན་ཐོག་གི་གྲོས་གཞི་དང་འབྲེ་ལ་ནས་བཀའ་འདྲི་ཞུས་སྐབས། ཁོང་གིས་གྲོས་གཞི་དོན་ཚན་ ༡༠ ཡོད་པ་དང་། དེ་དག་གི་ནང་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དང་འབྲེལ་ནས་གཟའ་མཇུག་སློབ་གྲྭའི་ནང་བོད་ཡིག་ཡར་རྒྱས་དང་། དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ། དེ་བཞིན་ཕ་མའི་ངོས་ནས་འགན་འཁུར་བཞེས་ཕྱོགས་ཐད་གོ་བསྡུར་གནང་ཡོད་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལྟར་སཱི་ཤེས་ཡོན་སློབ་གསོ་ཐད་སྤྱི་མཐུན་ཚོགས་པ་ཁག་གིས་ལག་བསྟར་བྱེད་བཞིན་པ་དེ་སྔར་ལྷག་ཚགས་ཚུད་དང་ཡར་རྒྱས་གཏོང་ཕྱོགས་ཐད་གོ་བསྡུར། དེ་བཞིན་བྱང་ཨ་རིའི་ནང་བོད་དོན་ཞུ་གཏུག་ལས་འགུལ་ཇེ་ཤུགས་ཆེ་རུ་གཏོང་ཕྱོགས་དང་བརྒྱུད་ལམ་ཁག་ལ་སྔར་ལྷག་འབྲེལ་བ་དམ་གཟབ་གཏོང་རྒྱུ་སོགས་ཡིན་པ་འགྲེལ་བརྗོད་གནང་སོང་། ད་རེས་ཚོགས་ཆེན་ཐོག་གཞན་ཡང་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་རྣམ་པའི་ཚོགས་ཆེན་དེ་བཞིན་ཏོག་དབྱིབས་གཉེན་རིམ་ཁྱབ་གདལ་རྗེས་ད་བར་དྲ་ཐོག་ནས་ཚོགས་ཡོད་ཀྱང་། ལོ་རྗེས་མ་དེ་འབྲེལ་ཚོགས་ཆེན་དངོས་སུ་ཨ་རི་མི་ནི་སོ་ཊར་འཚོགས་གཏན་ཁེལ་ཡོད་པ་དང་། དེ་བཞིན་སྔ་ལོ་༸རྒྱལ་བའི་གོ་སྟོན་དང་འབྲེལ་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་ ༡༠ མཉམ་ཞུགས་ཀྱིས་རིག་སྩལ་འགྲན་བསྡུར་ཚོགས་ཡོད་པར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ས་ཆ་གང་སར་ནས་རྗེས་སུ་ཡི་རང་དང་མུ་མཐུད་གནང་དགོས་གལ་གྱི་དགོངས་ཚུལ་ལ་གཞིགས་ཏེ། ལོ་གཉིས་རེ་མཚམས་སུ་གནང་རྒྱུ་ཐག་གཅོད་བྱུང་བ་བཞིན། ཕྱི་ལོ་ ༢༠༢༨ ལོའི་རིག་རྩལ་འགྲན་བསྡུར་དེ་བཞིན་བྱང་ཀེ་ལི་ཕོར་ནི་ཡཱ་འཚོགས་གཏན་འཁེལ་འདུག མ་ཟད་བློ་དགའ་རང་བཙན་ལགས་དང་འབྲེལ་བའི་གྲོས་ཆོད་གཞག་རྒྱུ་ཡིན་ཞིང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་གདོང་ལེན་ཆེད་དུ་ཟླ་བ་འདིའི་བདུན་ཕྲག་བཞི་པར་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཀྱི་བདུན་ཕྲག་སྲུང་བརྩི་ཞུ་རྒྱུའི་བཀོད་ཁྱབ་བཏང་བ་གཞིར་བཟུང་། ས་གནས་ནས་ལས་གཞི་སྤེལ་ཕྱོགས་ཐད་གོ་བསྡུར་གནང་བཞིན་པ་རེད་འདུག གཞི་རྩའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་...

བོད་མིའི་སྒྲིག་འཛུགས་ནས་ལྡི་ལིར་བོད་ཀྱི་རིག་གཞུང་དུས་སྟོན་དབུ་འཛུགས་གནང་།

བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ India International Centre ལྟེ་གནས་ཁང་དུ། བོད་ཀྱི་རིག་པའི་གནས་ལྔ་དང་འཚེ་མེད་ཞི་བའི་ཆབ་སྲིད་ཀྱི་ལྟ་གྲུབ་བཅས་ལ་ཞི་བཅོལ་བའི་ཉིན་གྲངས་གསུམ་རིང་གི་བོད་ཀྱི་དུས་སྟོན་དེ་རིང་ཕྱི་ཚེས་ ༣ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དབུ་འབྱེད་གནང་སོང་། སྲིད་སྐྱོང་མཆོག་ནས་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་གྱི་རིག་གནས་ཀྱི་ཤུགས་རྐྱེན་འོག་དར་བའི་བོད་ཀྱི་རྩ་ཆེའི་རིག་གནས་ཁག་བརྒྱུད་དེང་གི་སྲ་བརྟན་མེད་པའི་འཛམ་གླིང་འདིར་ཞི་བདེའི་ཕན་རླབས་བསྐྲུན་ཐུབ་པའི་རེ་བ་ཡོད་པ་དང་། ལྷག་པར་ཉེ་ཆར་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་འོག་ནས། བོད་མི་རིགས་ཀྱིས་ད་བར་བདག་གཅེས་བྱས་པའི་རྩ་ཆེའི་རིག་གཞུང་དེ་ཁྲིམས་ཐོག་ནས་རྩ་མེད་བཟོ་རྒྱུའི་འབད་རྩོལ་བྱེད་བཞིན་ཡོད་སྟབས། དུས་སྟོན་འདི་ལྟ་བུ་བརྒྱུད་རྒྱ་གར་གྱི་མི་རབས་རྒན་གཞོན་རྣམས་དང་། ལྷག་པར་འཛམ་གླིང་ཀུན་ལ་བོད་ཀྱི་རྩ་ཆེའི་རིག་གཞུང་སྐོར་གོ་རྟོགས་སྤེལ་ཏེ། རྒྱ་ནག་གི་ཁྱོག་བཤད་ལ་གདོང་ལེན་བྱ་རྒྱུ་ཡིན་པ་གསུངས་སོང་། དེ་རིང་ཕྱི་ཟླ་ ༩ ཚེས་ ༣ ནས་དབུ་འཛུགས་གནང་བའི་བོད་ཀྱི་དུས་སྟོན་དེའི་ཁོངས་སུ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངོས་ནས། བོད་ཀྱི་ཐང་ཀའི་རྒྱུ་རྩལ་། ཤིང་བཀོད། རི་མོ་སོགས་ཀྱི་འགྲེམས་སྟོན་དང་ཚོང་ལས་བཤམ་སྟོན་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ངོས་ནས། རིན་མེད་སྨན་བཅོས་བརྟག་དཔྱད་དང་། སྐར་རྩིས་ཀྱི་སློབ་སྟོན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ངོས་ནས་དེང་རབས་གྲངས་འཛིན་གི་དུས་རབས་འདིར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་གནང་ཕྱོགས་སོགས་བོད་ཀྱི་རིག་གཞུང་དང་ཆབ་སྲིད་ཁོར་ཡུག་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་མཁས་པའི་བགྲོ་གླེང་དང་གཏམ་བཤད། བོད་ཀྱི་འགྲེམས་སྟོན་ཁང་གི་ངོས་ནས་ལོ་རྒྱུས་ཀྱི་པར་རིས་འགྲེམས་སྟོན་གནང་རྒྱུ་མ་ཟད། ཕྱི་དྲོ་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་རིག་གཞུང་གཞས་སྣ་འཁྲབ་སྟོན་གནང་གི་འདུག དེ་བཞིན་དུས་སྟོན་དེའི་ཆ་ཤས་སུ་བོད་ཀྱི་ཡིག་གཟུགས་དང་རི་མོ། དཀྱིལ་འཁོར་བཞེངས་བསྐྲུན་དང་། གློག་བརྙན་གཟིགས་འབུལ་ཞུ་རྒྱུ་རེད་འདུགདེ་རིང་བོད་ཀྱི་དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་མཚམས་རྒྱ་གར་གྱི་གསར་འགོད་པ་དང་། རྒྱལ་ཡོངས་བདེ་འཇགས་དཔྱད་ཞིབ་པ་སྐུ་ཞབས་ Nitin A Gokhale ལགས་ཀྱི་གཙོ་སྐྱོང་འོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྩོམ་སྒྲིག་པ་དང་ལྷོ་ཨེ་ཤི་ཡའི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་དང་རྒྱལ་སྤྱིའི་ཆབ་སྲིད་དཔྱད་ཞིབ་པ་གྲགས་ཅན་...

༸གོང་ས་མཆོག་ལ་ལ་དྭགས་ནང་བཀྲིན་གཏང་རག་དང་བསྙེན་བཀུར་གསོལ་སྟོན།

དེ་རིང་ཕྱི་ཟླ་ ༩ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ལ་དྭགས་ཞི་བའི་ཚལ་གསུང་ཆོས་ར་བར་ལ་དྭགས་ནང་ཚོགས་དང་། དགོན་ཚོགས། ཁ་ཆེ་དང་ཡེ་ཤུའི་སྡེ་ཚོགས་བཅས་ཀྱིས་བཀྲིན་གཏང་རག་དང་འབྲེལ་བསྙེན་བཀུར་གསོལ་སྟོན་གྱི་མཛད་སྒོ་འཚོགས་སོང་། དེའང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་རྗེས་ཟླ་དེའི་ཕྱི་ཚེས་ ༢༨ ཉིན་ལ་དགས་སུ་ཞབས་སོར་བཀྲིན་མཛད་དེ་ད་བར་ཟླ་བ་གཉིས་ལྷག་ཙམ་འགྲོ་བཞིན་པའི་ཁྲོད། དེ་རིང་ལ་དྭགས་ནང་པའི་ཚོགས་འདུ་དང་དགོན་ཚོགས་ཙམ་མ་ཟད། ལ་དྭགས་ཨན་ཇུ་མན་ཨི་མ་མི་ཡ། (Anjuman Immamia) དང་། ཨན་ཇུ་མན་མོ་ཡིན་ཨུལ་ཨི་སི་ལཱམ་ (Anjuman Moin-Ul Islam) བཅས་ཁ་ཆེའི་སུ་ནི་དང་ཤི་ཡ་ཆོས་ཚོགས། དེ་བཞིན་གླེ་ཡི་ཡེ་ཤུའི་སྤྱི་ཚོགས་བཅས་ཐུན་མོང་གི་གོ་སྒྲིག་འོག ལ་དྭགས་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རྐང་བྲོ་གླུ་གཞས་གཟིགས་འབུལ་སོགས་ཀྱི་ལམ་ནས་༸གོང་ས་མཆོག་ལ་བཀྲིན་གཏང་རག་དང་གྱེས་སྟོན་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་སོང་། སྐབས་དེར་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཚེ་རིང་རྡོ་རྗེ་ལགས་ཀྱིས་གསུང་བཤད་ཁྲོད། འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཞབས་སོར་བསྐྱངས་ནས་ཟླ་བ་གཉིས་ཙམ་གྱི་རིང་སྐུ་ལྷོད་བཞུགས་མཛད་རྒྱུ་བྱུང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། ༸གོང་ས་མཆོག་གིས་དུས་ཡུན་དེའི་ཁྲོད་ལ་དྭགས་ཀྱི་དད་ལྡན་པ་ཐོག་མཐའ་བར་གསུམ་ལ་ཉིན་ལྟར་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་སྩལ་བའི་ཁོངས་སུ་འདི་ལོ་དམིགས་བསལ་གྱིས་གཞོན་སྐྱེས་ཚོར་མཇལ་ཁ་སྩལ་བ་དེ་ནི་ལ་དྭགས་ཀྱི་ལོ་རྒྱུས་ནང་ཐོག་མ་ཆགས་ཀྱི་ཡོད་པ་དང་། གཞོན་ནུ་ཚོས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པའི་རྗེས་སུ་ཁོང་ཚོའི་སེམས་རྒྱུད་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པ་ང་ཚོས་གསལ་པོར་ཤེས་རྟོགས་ཐུབ་ཀྱི་འདུག་ཅེས་གསུངས་སོང་། མཛད་སྒོའི་ཐོག་གཞན་ཡང་ཁ་ཆེ་དང་ཡེ་ཤུའི་སྤྱི་ཚོགས་ཀྱི་སྐུ་ཚབ་དབུ་ཁྲིད་རྣམས་ཀྱིས་ཀྱང་༸གོང་ས་མཆོགས་གི་མཛད་རྗེས་དག་ལ་ཆེ་བསྟོད་ཞུས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནི་ནང་པ་གཅིག་པོ་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་དབུ་འཁྲིད་ཅིག་ཡིན་པ་མངོན་གསལ་དང་འབྲེལ་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུས་སོང་ལ། དེ་ཡང་ལ་དྭགས་ཨན་ཇུ་མན་ཨི་མཱམ་མཱི་ཡཱའི་ (Anjuman Immamia) ཚོགས་གཞོན་ Sheikh Nazir མཆོག་གིས་གསུང་བཤད་ཁྲོད། ང་ཚོ་ཆོས་ལུགས་ལ་དད་པ་བྱེད་མཁན་ཡོངས་ནས་༸གོང་ས་མཆོག་ཁྱེད་ལ་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན།...

རྒྱ་ནག་གཞུང་ནས་བལ་བོད་ས་མཚམས་སུ་ཆུ་ལོག་གི་གོད་ཆགས་དང་འབྲེལ་བའི་གནས་ཚུལ་ཕྱི་གསལ་ནང་གསལ་བཟོ་དགོས།

རྒྱ་ནག་གཞུང་གིས་བལ་བོད་ས་མཚམས་སུ་བྱུང་བའི་ཆུ་ལོག་གོད་ཆགས་ནང་བོད་སྐྱིད་གྲོང་ཁུལ་དུ་མི་ཤི་རྐྱེན་འདས་ཀྱི་ཆག་སྒོ་བྱུང་བའི་གནས་ཚུལ་སྦས་གསང་བྱེད་བཞིན་པའི་ཁྲོད། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ནས་ཆུ་ལོག་དང་འབྲེལ་བའི་གནས་ཚུལ་ཁ་གསལ་མཁོ་སྤྲོད་དང་། རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་ཁང་ཁག་ལ་དེ་དོན་གནས་ཚུལ་མཁོ་སྒྲུབ་བྱེད་འཇུག་དགོས་པའི་དགོས་འདུན་བཏོན་སོང་། དེ་ཡང་ཟླ་བ་འདིའི་ཚེས་ ༢༦ ཉིན་བལ་བོད་ས་མཚམས་སུ་འཁྱག་རུད་བྱུང་ནས་བདུན་ཕྲག་གཅིག་འདས་པའི་རྗེས་སུ། བལ་ཡུལ་ཕྱོགས་སུ་མི་གྲངས་ ༡༠༠༠ ལྷག་འདས་གྲོངས་དང་། མི་གྲངས་ ༣༠༠༠ བརྒལ་བ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་ཡོད་ནའང་། རྒྱ་ནག་གཞུང་གིས་བོད་ཕྱོགས་སུ་མི་གྲངས་ ༡༦ འདས་གྲོངས་དང་། མི་གྲངས་ ༥༥༨ གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཙམ་ལས་བཏོན་མེད་པ་མ་ཟད། རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཆུ་ལོག་དང་འབྲེལ་བའི་གནས་ཚུལ་ལ་དམ་བསྒྲགས་དང་། རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་ཁང་ཁག་ལ་ས་གནས་སུ་གནས་ཚུལ་མཁོ་སྒྲུབ་བྱེད་བཅུག་གི་མེད་པ་རེད། དེ་འབྲེལ་དེ་རིང་ཟླ་བ་ ༩ ཚེས་ ༡ ཉིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཉིས་ནས། རྒྱ་ནག་གི་བྱེད་ཕྱོགས་ལ་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་གིས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པ་དང་། བོད་ནང་གི་འཁྱག་རོམ་དང་ཆུ་ཚད་སྐོར་གནས་ཚུལ་བལ་ཡུལ་མཚོན་པའི་གཤམ་འོག་རྒྱལ་ཁབ་ལ་སྤྲོད་དགོས་པ། བོད་ནང་ཆུ་ལོག་གི་གོད་ཆགས་ཕོག་མཁན་རྣམས་ལ་རྒྱལ་སྤྱིའི་རོགས་རམ་མཐུན་འགྱུར་སྦྱོར་འཇུག་དགོས་པ། ཆུ་ལོག་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྤེལ་བྱེད་མཁན་རྣམས་ལ་ཉེས་ཆད་འགེལ་མི་ཆོག་པ། རྒྱལ་སྤྱིའི་ཚོགས་སྡེ་དང་གསར་ཁང་ཁག་གིས་བོད་ཀྱི་ས་ཆའི་མིང་ངོ་མ་འབོད་དགོས་པའི་དགོས་འདུན་དོན་ཚན་ལྔ་བཏོན་གནང་ཡོད། གསར་འགོད་གསལ་སྒྲགས་དེའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་བློ་བཟང་གཡང་མཚོ་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འབྲེལ་མཐུད་པ་ བཀྲ་ཤིས་དོན་གྲུབ་ལགས། སྐྱིད་གྲོང་ནས་ཡིན་པའི་ཕ་བྱམས་པ་དཔལ་ལྡན་ལགས་གཙོ་བཞུགས་གནང་ཡོད་པ་དང་། སྐབས་དེར་དོན་གྲུབ་དབང་མོ་ལགས་ཀྱིས་བོད་མཐོ་སྒང་ནི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་སླ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པའི་ཆ་ནས་རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་འཛུགས་སྐྲུན་ལས་གཞི་སྤེལ་རྒྱུར་དོ་གཟབ་དང་འགན་ཁུར་དགོས་པའི་འབོད་སྐུལ་གནང་སོང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་གཡང་མཚོ་ལགས་ཀྱིས་བོད་དང་བལ་ཡུལ་ལྟ་བུར་མཚོན་ན།...

རྒྱ་ནག་གིས་བལ་བོད་ས་ཚམས་སུ་ཆུ་ལོག་གི་གོད་ཆགས་དང་འབྲེལ་བའི་གནས་ཚུལ་སྦས་གསང་དང་དམ་དྲག་བྱེད་བཞིན་པ། 

རྒྱ་ནག་གིས་བལ་བོད་ས་མཚམས་སུ་ཆུ་ལོག་གི་དོན་རྐྱེན་འོག་ཚེ་སྲོག་ཤོར་བའི་གྲངས་ཐོ་དང་གོད་ཆགས་ཕོག་པའི་གནོད་སྐྱོན་སྦས་གསང་བྱེད་བཞིན་པ་མ་ཟད།  དེ་འབྲེལ་གྱི་དངོས་ཡོད་གནས་ཚུལ་རྒྱ་ནག་དྲྭ་རྒྱའི་ནང་ནས་ནག་སུབ་གཏོང་བཞིན་པ་མངོན་གསལ་བྱུང་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།  བལ་བོད་ས་མཚམས་སྐྱིད་གྲོང་དང་རཱ་སུ་ཝ་ཁུལ་དུ་གཟའ་ཁོར་སྔོན་མའི་རེས་གཟའ་ལྷག་པའི་ཉིན་ཆུ་ལོག་གི་དོན་རྐྱེན་ཚབས་ཆེན་འོག་ཕྱོགས་གཉིས་ཀར་མི་རྒྱུ་ཟོག་གསུམ་གྱི་གོད་ཆགས་ཆེན་པོ་བྱུང་ཡོད་ཀྱང་།  གནོད་སྐྱོན་གྱི་ཁྱབ་ཚད་དང་ཉེན་སྐྱོབ་ཀྱི་གནས་ཚུལ་རིགས་བལ་ཡུལ་ཕྱོགས་ནས་ཁ་གསལ་བསྟན་པ་ལྟར་རྒྱ་ནག་ཕྱོགས་ནས་དེ་ལྟར་སྟོན་གྱི་མེད་པ་མ་ཟད།  ད་དུང་རྒྱ་གཞུང་གིས་ཆུ་ལོག་གི་དངོས་ཡོད་གནས་ཚུལ་དང་བྲེལ་བའི་བརྙན་ཐུང་རྣམས་རྒྱ་ནག་དྲྭ་རྒྱའི་སྟེང་ནས་ནག་སུབ་གཏོང་བཞིན་པའི་ཐོག་དེ་འབྲེལ་གྱི་གནས་ཚུལ་ཕྱིར་བསྒྲགས་བྱེད་པར་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན།  ད་ལྟའི་ཆར་རྒྱ་ནག་གི་དྲྭ་རྒྱའི་སྟེང་བལ་བོད་ས་མཚམས་སྐྱིད་གྲོང་གི་འགག་སྒོར་ཆུ་ལོག་གི་དོན་རྐྱེན་ཚབས་ཆེན་བྱུང་བའི་དཔང་རྟགས་བརྙན་ཐུང་ཆ་ཚང་བ་དེ་ཕྱིར་འཐེན་བྱས་ཟིན་པ་མ་ཟད།  WeChat ལྟ་བུ་མང་ཚོགས་ཀྱིས་བེད་སྤྱོད་ཆེན་པོ་བྱེད་པའི་སྤྱི་ཚོགས་དྲྭ་ལམ་དུ་ཡང་ཉེ་ཆར་བྱུང་བའི་ཆུ་ལོག་དོན་རྐྱེན་གྱི་བརྙན་ཐུང་དང་གོད་ཆགས་ཕོག་པའི་མི་མང་གི་ཞུ་འབོད་བརྙན་པར་རྣམས་ནག་སུབ་བཏང་ཟིན་པ་མ་ཚད།  གཞུང་འབྲེལ་གྱི་འགྲེལ་བརྗོད་དང་མི་མཐུན་པའི་ཆུ་ལོག་དང་ཉེན་སྐྱོབ་སོགས་ཀྱི་གནས་ཚུལ་རིགས་དྲྭ་ཐོག་བཀོད་མཁན་ཚོར་ཁྲིམས་འགལ་ཡིན་པར་ཉེས་ཆད་གཅོད་རྒྱུའི་འཇིགས་སྐུལ་བྱེད་བཞིན་པ་རེད་འདུག ལྷག་པར་དུ་བལ་ཡུལ་གཞུང་ནས་ད་བར་རཱ་སུ་ཝ་ཁུལ་དུ་ཆུ་ལོག་གི་གོད་ཆགས་འོག་ཚེ་སྲོག་ཤོར་བའི་མི་གྲངས་ཉུང་མཐར་ཡང་ ༩༠༣ དང་གར་སོང་ཆ་མེད་དུ་གྱུར་བ་ ༤༢༠༠ ལྷག་བྱུང་ཡོད་སྐོར་གསལ་བཤད་གནང་ཡོད་ཀྱང་།  རྒྱ་ནག་གིས་གོད་ཆགས་དེའི་འོག་སྐྱིད་གྲོང་ས་མཚམས་སུ་ཐོག་མའི་ཆར་བོད་མི་ ༣ ལས་མ་གཏོགས་རྐྱེན་འདས་སུ་ཕྱིན་མེད་པ་དང་།  ཁ་ཉིན་ཕྱི་ཚེས་ ༢༩ ཉིན་སླར་ཡང་གསར་འགོད་གསལ་བསྒྲགས་ཤིག་གི་བརྒྱུད་ད་བར་བོད་མི་ ༡༦ རྐྱེན་ལམ་དུ་ཕྱིན་ཟིན་པ་དང་མི་གྲངས་ ༥༤༦ ལ་འབྲེལ་བ་ཆད་ཡོད་སྐོར་བཤད་ཡོད་པ་གང་ལྟར་ཡང་།  བོད་ནང་གི་བོད་མི་གཅིག་གིས་ཚེ་སྲོག་ཤོར་བའི་གྲངས་ཐོ་དེ་ལས་ཚད་ཀྱི་མེད་པར།  རྒྱུ་མཚན་ནི་ཁོང་གིས་གོ་ཐོས་ལ་ཁུལ་དེར་བོད་པའི་གྲོང་པ་མང་པོ་ཆུས་ཁྱེར་ཟིན་པ་གསུངས་འདུག  མ་ཟད་བལ་ཡུལ་ནགས་ཚལ་དང་ཁོར་ཡུག་བློན་ཆེན་ཟུར་པ་ Madhav Prasad Chaulagain མཆོག་གིས་ཀྱང་རྒྱ་ནག་གཞུང་ནས་རྒྱལ་ཁབ་ཕྱོགས་གཉིས་བར་གྲོས་མཐུན་ཡོད་པ་བཞིན་ཐེངས་འདིའི་ཆུ་ལོག་གི་དོན་རྐྱེན་སྐོར་སྔ་ས་ནས་བལ་ཡུལ་ལ་སྔོན་བརྡ་རིགས་གང་ཡང་བཏང་མེད་པར་སྐྱོན་འཛུགས་བྱས་འདུག་པ་དང་།  བལ་བོད་ས་མཚམས་སུ་རྟོག་ཞིབ་སླད་ཕེབས་མཁན་ཕྱི་རྒྱལ་གསར་འགོད་པ་ཚོས་ཀྱང་བོད་སྐྱིད་གྲོང་ནང་དུ་ཆུ་ལོག་གི་གོད་ཆགས་དང་འབྲེལ་བའི་གནས་ཚུལ་རྒྱུས་ལོན་ཆེད་དུ་ཁུལ་དེར་འཛུལ་ཐབས་ཀྱི་རེ་སྐུལ་ག་ཚོད་བྱས་ཀྱང་རྒྱ་གཞུང་གིས་ཆོག་མཆན་སྤྲད་ཀྱི་མེད་སྐོར་གསུང་བཞིན་འདུག  དེ་བཞིན་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་གཞན་ཞིག་ཐོན་པའི་ནང་།  བལ་བོད་ས་མཚམས་སུ་ཆུ་ལོག་གི་དོན་རྐྱེན་ཚབས་ཆེན་མ་བྱུང་སྔོན་གྱི་བདུན་ཕྲག་འགའ་ཤས་སྔ་རོལ་དུ་རྒྱ་གཞུང་གིས་བོད་སྐྱིད་གྲོང་དུ་ཆུ་ལོག་དང་འབྲེལ་བའི་ཉེན་བྱོལ་སྦྱོང་བརྡར་ཞིག་བྱས་ཡོད་སྟབས། ཁག་གཅིག་གིས་ཐེངས་འདིའི་དོན་རྐྱེན་སྐོར་རྒྱ་ནག་ལ་སྔ་ས་ནས་ཤེས་རྟོགས་ཡོད་པ་སོགས་ཀྱི་ཚོད་དཔག་བྱེད་བཞིན་ཡོད་པ་རེད་འདུག ད་རེས་བལ་བོད་ས་མཚམས་སུ་ཆུ་ལོག་གི་གོད་ཆགས་ཁྲོད་ཁ་སང་རེས་གཟའ་ཉི་མའི་བར་བལ་ཡུལ་གཞུང་གིས་མི་གྲངས་ ༩༤༠༠...

བོད་མིའི་སྒྲིག་འཛུགས་འཕྲོད་བསྟོན་ལས་ཁུངས་ཀྱི་གོ་སྒྲིག་འོག་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ ༨ པ་ཚོགས་པ།

ཁ་སང་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག །ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཉིན་གྲངས་གཉིས་རིང་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ ༨ པ་བསྐོང་ཚོགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྲིད་བྱུས་གཏན་འབེབས་དང་འབྲེལ་ནས་འཕྲོད་བསྟེན་སྨན་པའི་སློབ་སྟོན་ཚོགས་ཆུང་ཞིག་ཆེད་འཛུགས་དང་། ཚོགས་མི་གཏན་འབེབས་གནང་བ་མ་ཟད། དེ་རིང་ཚོགས་འདུ་མཇུག་སྡོམ་དང་འབྲེལ། Health Information System ཞེས་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་པའི་གྲངས་མཛོད་གསར་བསྐྲུན་གྱིས་དེའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་རྒན་གཞོན་བར་གསུམ་ཁྲོད། ལུས་སེམས་གཉིས་ཀྱི་དཀའ་ངལ་སེལ་རྒྱུའི་གྲོས་བསྡུར་དང་ཐབས་ལམ་ཚོལ་ཐབས། བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྲིད་ཇུས་རགས་ཟིན་བཅས་གྲོས་ཆོད་ཁག་གཅིག་བཞག་འདུག དེ་ཡང་ཁ་སང་སྔ་དྲོ་ཆུ་ཚོད་ ༩ ཡས་མས་སུ་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་དང་། འཕྲོད་བསྟེན་དྲུང་ཆེ་དང་དྲུང་འཕར། སྐུའི་བླ་སྨན་པ་རྣམ་པ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དང་སློབ་སྤྱི་གཞོན་པ། དེ་བཞིན་བལ་ཡུལ་སྐུ་ཚབ་དོན་གཅོད་དང་དགོན་སྡེ་ཁག་གི་སྨན་ཁང་གི་དབུ་འཛིན་དང་སྨན་པ། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དང་དབུས་བདེ་ལེགས་སྨན་ཁང་གི་འགན་འཛིན་རྣམ་པ། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་གི་དབུ་འཛིན་དང་སྨན་པ་སོགས་ཁྱོན་མི་གྲངས་ ༤༦ ལྷན་འཛོམས་གནང་སོང་། འཕྲོད་བསྟན་བཀའ་བློན་པདྨ་མཚོ་མཆོག་གིས། འཕྲོད་བསྟེན་གྱི་གལ་གནད་ཐོག་ནན་བརྗོད་ཁྲོད། ཕྱིའི་དངོས་པོ་དང་འཕྲུལ་ཆས་ཡར་རྒྱས་ཇི་ཙམ་ཕྱིན་ཡང་སྔོན་འགོག་གི་ཐབས་ལམ་དང་བྱེད་ཐབས་ཡག་ཤོས་ཤིག་ནི་བོད་ཀྱི་གསོ་བ་རིག་པའི་ཐབས་ལམ་ཡིན་པ་དང་། མ་འོངས་པར་བོད་ཀྱི་གསོ་བ་རིག་པ་དང་ཕྱི་ལུགས་ཀྱི་སྨན་ཟུང་སྦྲེལ་ཐོག་ནས་སྔོན་འགོག་གི་ཐབས་ལམ་ཐོག་ནུས་པ་བཏོན་ཐུབ་དགོས་གལ་སྐོར་གསུངས་བ་དང་། ལྷག་པར་དེང་སྐབས་གཞོན་སྐྱེས་ཁྲོད་སེམས་ཁམས་ཀྱི་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་པ་དང་། ཁོང་ཚོས་དཀའ་ངལ་སེལ་བར་མྱོ་རྫས་དང་ཆང་རག་ལོངས་སུ་སྤྱོད་པ་སོགས་ཀྱི་གནས་ཚུལ་མང་དུ་ཕྱིན་པ་དེ་དག་ལ་སྔོན་འགོག་གི་ཐབས་ལམ་འཚོལ་དགོས་པ་ནན་བརྗོད་ཙམ་མ་ཟད། བོད་པའི་སྤྱི་ཚོགས་ཁྲོད་ཉམ་ཐག་དང་ཛ་དྲག་ཅན་གྱི་ནད་པ་སྐྱོབ་ཐབས་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་མཁྱེན་རྟོགས་ཡོད་པའི་ཐོག་སྤྱི་མང་ཞལ་འདེབས་བསྡུ་རུབ་ཀྱིས་ཕན་ཐོགས་སྒྲུབ་དགོས་པ་སོགས་གསུངས་སོང་། རྩ་བའི་འཕྲོད་བསྟེན་ལས་ཁུངས་ནས་ལོ་གཉིས་རེའི་མཚམས་སུ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་བསྐོང་ཚོགས་གནང་སྲོལ་ཡོད་པ་དེ་ལྟར་ཡང༌། ཐེངས་འདིའི་ཚོགས་ཆེན་འདི་བཞིན་ཕྱི་ལོ་...

གོང་ས་མཆོག་གིས་འདི་ལྟ་བུའི་དོན་རྐྱེན་སླར་ཡང་མ་ཡོང་བའི་ཆེད་དུ་གང་ཐུབ་ཅི་ཐུབ་ཀྱི་མཇུག་སྐྱོང་ལས་དོན་འོས་ཤིང་འཚམ་པ་སྤེལ་རྒྱུའི་ཐུགས་རེ་ཡོད་པ་བཀའ་སྩལ་འདུག

བལ་བོད་ས་མཚམས་སུ་ཁ་སང་ཕྱི་ཟླ་ ༨ ཚེས་ ༢༦ ཉིན་ཆུ་ལོག་ཚབས་ཆེ་བྱུང་བའི་དོན་རྐྱེན་འོག་མང་ཚོགས་བརྒྱ་ཕྲག་འགའ་ཤས་ཀྱི་ཚེ་སྲོག་ཤོར་བ་དང་།  སྟོང་ཕྲག་ལྷག་གར་སོང་ཆ་མེད་དུ་གྱུར་བའི་ཡོད་སྐྱོའི་གནས་ཚུལ་ཐོན་པའི་ཐོག  བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྔོ་བ་ཐུགས་སྨོན་མཛད་པ་དང་འབྲེལ།  འདི་ལྟ་བུའི་དོན་རྐྱེན་སླར་ཡང་མ་ཡོང་བའི་ཆེད་དུ་གང་ཐུབ་ཅི་ཐུབ་ཀྱི་མཇུག་སྐྱོང་ལས་དོན་འོས་ཤིང་འཚམ་པ་སྤེལ་རྒྱུའི་ཐུགས་རེ་ཡོད་པ་བཀའ་སྩལ་འདུག དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ཐུགས་གསོའི་གསུང་འཕྲིན་དེའི་ནང་།  བལ་བོད་ས་མཚམས་ སྐྱིད་གྲོང་དང་ར་སུ་ཝ་ཁུལ་དུ་ཆུ་ལོག་ཚབས་ཆེན་བྱུང་བའི་དོན་རྐྱེན་སྐོར་ཤེས་རྟོགས་བྱུང་བར་ཧ་ཅང་གི་ཐུགས་འཚབ་བྱུང་སོང་བ་བཀའ་སྩལ་དང་འབྲེལ།  གོད་ཆགས་དེའི་འོག་ཚེ་སྲོག་ཤོར་མཁན་ཡོངས་ལ་བསྔོ་བ་ཐུགས་སྨོན་དང་།  དེ་བཞིན་གོད་ཆགས་ཕོག་མཁན་མང་ཚོགས་ཀུན་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་པ་བཀའ་སྩལ་འདུག  ༸གོང་ས་མཆོག་གིས་ད་དུང་།  ས་ཁུལ་དེར་སྔར་ཡང་དོན་རྐྱེན་འདི་ལྟ་བུ་བྱུང་མྱོང་ཡོད་པས།  འདི་དག་ནི་གནམ་གཤིས་འགྱུར་ལྡོག་གམ་ཡང་ན་གཏིང་ཟབ་ཀྱི་རྒྱུ་རྐྱེན་གཞན་རིགས་ཀྱི་རྟགས་མཚན་ཡིན་པར་ངེས་ཏེ།  གནོད་སྐྱོན་འདི་ལྟ་བུ་མ་ཡོང་བའི་ཆེད་དུ་གང་ཐུབ་ཅི་ཐུབ་ཀྱི་མཇུག་སྐྱོང་ལས་དོན་འོས་ཤིང་འཚམ་པ་སྤེལ་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་ཕྱི་དྲོ་ X སྤྱི་ཚོགས་དྲྭ་ལམ་ཐོག  བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ། བལ་བོད་ས་མཚམས་སུ་ཆུ་ལོག་དང་ས་རུད་ཚབས་ཆེ་བྱུང་བའི་དོན་རྐྱེན་གྱི་གོད་ཆག་འོག་ཚེ་སྲོག་ཤོར་བའི་ནང་མི་དང་ཤུགས་རྐྱེན་ཐེབས་པའི་མི་མང་ཡོངས་ལ་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་དང་། གར་སོང་ཆ་མེད་དུ་གྱུར་བའི་མི་ཚང་མར་བདེ་འཇགས་ཡོང་བའི་སྨོན་འདུན་ཡོད་པ་གསུངས་འདུག་ལ།  དེ་རིང་བསྐྱར་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་བརྙན་འཕྲིན་ནང་ཐུགས་གསོའི་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག་པ་དེའི་ནང་།  བལ་བོད་ས་མཚམས་སུ་ཆུ་ལོག་གི་གོད་ཆགས་འོག་གནོད་འཚེ་ཕོག་མཁན་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་སྦྲགས།  ཐེངས་འདིའི་གོད་ཆགས་ཀྱི་དོན་རྐྱེན་དེ་ཆུ་རུད་ཀྱི་རྐྱེན་པས་བྱུང་བ་ཞིག་མིན་པའི་གནས་སྟངས་མཐོང་ཐུབ་ཡག་ཞིག་ཡིན་པ་གང་ལྟར་ཡང་།  ཐེངས་འདིའི་བལ་བོད་སྐྱིད་གྲོང་ཁུལ་དུ་གོད་ཆགས་ཀྱི་དོན་རྐྱེན་དེ་དེ་སྔ་ཕྱི་ལོ་ ༢༠༠༧།༠༨ སྐབས་སུ་བོད་ནང་འཁྱགས་རོམ་བཞུར་ཏེ་ཆུ་ཁེངས་པའི་གནས་སྟངས་འོག་གློ་བུར་དུ་རྒྱུག་ཆུ་རྡོལ་བ་སོགས་དང་འདྲ་འདུག་ཅེས་གསུངས་འདུག་ལ།  རྒྱ་ནག་ངོས་ནས་ད་ལྟའི་ཆུ་ལོག་གི་གོད་ཆགས་འོག་བོད་ནང་ཚེ་སྲོག་ཤོར་བ་ཇི་ཙམ་བྱུང་ཡོད་མེད་ཀྱི་གྲངས་ཐོ་གསལ་པོ་བཤད་ཀྱི་མེད་པ་སོགས་གསུངས་སོང་།  མ་ཟད་ཐེངས་འདིའི་གོད་ཆགས་ཁྲོད་རྐྱེན་འདས་སུ་ཕྱིན་པའི་མང་ཚོགས་ཡོངས་དང་ལྷག་པར་དུ་བོད་མི་ཁག་གཅིག་འདས་གྲོངས་སུ་ཕྱིན་པ་དང་ཁག་གཅིག་གར་སོང་ཆ་མེད་གྱུར་ཡོད་པར་བརྟེན།  དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༢ པའི་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད་དེ་བཞིན་བཞུགས་སྒར་ཁུལ་གྱི་བོད་མི་ཚང་འཛོམས་ཐོག་བལ་བོད་ས་མཚམས་ར་སུ་ཝ་དང་སྐྱོད་གྲོ་ཁུལ་དུ་ཆུ་ལོག་གི་དོན་རྐྱེན་ཐོག་མྱ་ངན་གྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཀྱང་འཚོགས་སོང་།  དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་བལ་བོད་ས་མཚམས་སུ་ཆུ་ལོག་གི་དོན་རྐྱེན་འོག་གོད་ཆགས་ཕོག་མཁན་ཀུན་ལ་གདུང་སེམས་མཉམ་སྐྱེད་དང་གར་སོང་ཆ་མེད་དུ་གྱུར་བ་ཚང་མ་བདེ་འཇགས་ངང་ཉེན་སྐྱོབ་ཐུབ་པའི་རེ་བ་ཡོད་ཅེས་གསུང་པ་དང་འབྲེལ།  བལ་ཡུལ་གཞུང་ངོས་ནས་ར་སུ་ཝ་ཁུལ་དུ་ཆུ་ལོག་གི་གོད་ཆགས་དང་འབྲེལ་བའི་གནས་ཚུལ་རྣམས་དུས་ཐོག་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་ཆུ་ལོག་གི་ཤུགས་རྐྱེན་འོག་ཐེབས་པའི་མི་མང་ཡོངས་ལ་རོགས་སྐྱོར་དང་མཐུན་འགྱུར་གནང་གི་ཡོད་པ་ལྟར།  བོད་སྐྱོད་གྲོང་ཁུལ་དུ་ཆུ་ལོག་གི་གོད་ཆགས་འོག་གནོད་སྐྱོན་ཕོག་མཁན་རྣམས་ལ་ཉེན་སྐྱོབ་ཀྱི་ལས་དོན་དུས་ཐོག་སྤེལ་ཐུབ་པ་དང་།  དེ་བྲེལ་གྱི་གནས་ཚུལ་ཕྱི་གསལ་ནང་གསལ་ཡོང་བ།  དེ་བཞིན་དགོས་ངེས་ཀྱི་རོགས་སྐྱོར་རྣམས་བཀག་འགོག་མེད་པའི་ཐོག་ནས་སྤེལ་ཐུབ་པའི་རེ་བ་གནང་གི་ཡོད་སྐོར་གསུངས་འདུག...