Latest
བློ་དགའ་རང་བཙན་ལགས་ཀྱི་སྤུན་མཆེད་དང་རྒྱལ་ཚོགས་ཀྱི་སྐུ་ཚབ་དབར་མཇལ་འཕྲད་གནང་འདུག
རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་རང་ལུས་མེར་བསྲེགས་བཏང་ནས་བདུན་ཚིགས་དྲུག་པ་དང་བསྟུན། ཁ་སང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྤྱི་ཟུར་ཚེ་དབང་རིག་འཛིན་ལགས་ཀྱི་སྣེ་ཁྲིད་འོག རྒྱལ་གཅེས་པ་དམ་པ་ཁོང་གིས་ཚ་བོ་ཚ་མོ་རྣམ་པ་གསུམ་པོས་ནིའུ་ཡོག་ཏུ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་ལྷན་དུ་མཇལ་འཕྲད་ཀྱིས། དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་གནད་དོན་དང་ལྷག་པར་དུ་བོད་ནང་གི་ཛ་དྲག་གནས་སྟངས་སོགས་འཁོད་པའི་དོན་ཚན་དྲུག་ཅན་གྱི་ཞུ་སྙན་ཞིག་ཕུལ་འདུག དེ་ཡང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ཁ་སང་ནིའུ་ཡོག་ནིའུ་འཇར་སིའི་ས་གནས་ཛ་དྲག་ལས་འགུལ་ཚོགས་ཆུང་གི་གོ་སྒྲིག་འོག བྱང་ཨ་མི་རི་ཀའི་ས་ཕྱོགས་གང་ས་ནས་ཕེབས་པའི་བོད་མིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་པའི་ཁྲོད། ཚེ་དབང་རིག་འཛིན་ལགས་ཀྱི་སྣེ་ཁྲིད་འོག་བློ་དགའ་རང་བཙན་ལགས་ཀྱི་སྐུ་མཆེད་གཉིས་ནས་རྒྱལ་ཚོགས་ཀྱི་ལས་ཁུངས་ནང་དུ་བཅར་ནས། རྒྱལ་ཚོགས་ཀྱི་འགྲོ་བ་མའི་ཐོབ་ཐང་སྡེ་ཚན་གྱི་རྒྱལ་ཚོགས་ཚོགས་མི་དབར་གྱི་འབྲེལ་ལམ་འགན་འཛིན་དང་ཁོང་གི་ཕྱག་རོགས་གཉིས་ཐུག་འཕྲད་གནང་འདུག འདི་ག་གསར་ཁང་ངོས་ནས་སྤྱི་ཟུར་ཚེ་དབང་རིག་འཛིན་ལགས་སུ་ཕྱོགས་གཉིས་ཀྱི་ཐུག་འཕྲད་དང་འབྲེལ་བཀའ་འདྲི་ཞུ་སྐབས་ཁོང་གིས། སྤྱིར་འདི་ལོའི་སྤྱི་ཟླ་ ༧ པའི་ནང་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོན་རྗེས། སྐབས་དེར་རང་ངོས་སེམས་ནང་དམ་པ་དེ་ཉིད་ཀྱི་བློས་བཏང་དེ་རྒྱལ་ཚོགས་ཀྱི་སྡིངས་ཆའི་སྟེང་བཀལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་སོ་སོར་དམ་བཅའ་བཞག་གནང་བ་དང་འབྲེལ། བདུན་ཕྲག་ཁ་ཤས་ཤིག་རྒྱལ་ཚོགས་ལ་འབྲེལ་བ་གནང་འབྲས་སུ་ད་ཐེངས་ཀྱི་མཇལ་འཕྲད་དེ་བྱུང་ཡིན་སྐོར་གསུངས་སོང་། ཐེངས་འདིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་ལྷན་མཇལ་འཕྲད་སྐབས་སྐུ་མཆེད་ཁོང་གཉིས་ཀྱི་མཚན་ཐོག་ནས་དོན་ཚན་ ༦ ཅན་གྱི་ཞུ་སྙན་ཞིག་ཕུལ་བའི་ནང་། རྒྱལ་ཚོགས་ངོས་ནས་བོད་ནང་རྟོག་ཞིབ་ཚོགས་ཆུང་ཆེད་གཏོང་དགོས་པ་དང་། བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་མཁན་རྣམས་ཀྱི་བློས་བཏང་ལ་ཆེ་མཐོང་འབུལ་དགོས་པ། དེ་བཞིན་རྒྱ་ནག་ལ་གནོན་ཤུགས་བརྒྱུད་བཅའ་སྡོད་སློབ་གྲྭ་ཁག་སྒོ་བརྒྱབ་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་ཕྱིར་འཐེན་གནང་སྐྱོང་ཡོང་བ་བཅས་འཁོད་འདུག འདི་ག་གསར་ཁང་གིས་ཚེ་དབང་རིག་འཛིན་ལགས་སུ་མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་ཁོང་རྣམ་པའི་ཞུ་འབོད་ལ་ཡ་ལན་གནང་ཕྱོགས་སྐོར་བཀའ་འདྲི་ཞུས་ཡོད། ཕྱོགས་མཚུངས་ཁ་སང་ནིའུ་ཡོག་ནིའུ་འཇར་སིའི་ས་གནས་ཛ་དྲག་ལས་འགུལ་ཚོགས་ཆུང་གི་གོ་སྒྲིག་འོག ནིའུ་ཡོག་གྲོང་ཁྱེར་ནང་ཨ་རི་དང་ཁེ་ན་ཌ་ནས་བོད་མི་བརྒྱ་ཕྲག་མང་པོས་ཕྱུ་པ་ནག་པོ་དང་། སྟོད་གོས་དཀར་པོ་གྱོན་ནས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་འདུ་འཛོམས་ཀྱིས་བློ་དགའ་རང་བཙན་ལགས་ལ་རྗེས་དྲན་ཞུ་ཆེད་ལས་འགུལ་སྤེལ་གནང་བ་མ་ཟད། སྐབས་དེར་རྒྱལ་གཅེས་པ་དམ་པ་དེ་ཉིད་ཀྱི་སྤུན་མཆེད་རྣམས་ཀྱིས་ཀྱང་མང་ཚོགས་ལ་གསུང་བཤད་སོགས་གནང་འདུག རྩ་བའི་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་བཏང་བ་ནས་བཟུང་། ཨ་རིས་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་ཚོར་བ་རྣོ་བོའི་ཐོག མར་མེ་ཁྲོམ་སྐོར་དང་། ཞི་བའི་གོམ་བགྲོད། ཟས་བཅད་ངོ་རྒོལ། ཞུ་གཏུག་ལས་འགུལ། དེ་བཞིན་བགྲོ་གླེང་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྤེལ་དང་སྤེལ་མུས་ཁྲོད། དེ་རིང་བཞུགས་སྒར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དཔའ་བོ་དམ་པ་ཁོང་ལ་རྗེས་དྲན་ཞུ་སླད་བོད་དོན་དང་འབྲེལ་བའི་ཁབ་བཙགས་ལས་འགུལ་སྤེལ་སོང་བ་དང་། གཞན་ཡང་དེ་རིང་ཧི་མ་ཅཱ་མངའ་སྡེའི་ Poanta Sahib གྲོང་ཁྱེར་ནས་འགོ་འཛུགས་ཀྱིས་བཞུགས་སྒར་བར་རྒྱལ་གཅེས་དཔའ་བོའི་མངོན་འདོད་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཞིག་འགོ་འཛུགས་གནང་འདུག་པ་དང་།...
བོད་དམག་ཁུལ་ཁང་གི་བྱུང་བ་བརྗོད་པ་ཞེས་པའི་སྙན་ཐོ་འདོན་སྤེལ།
རྒྱ་ནག་གཞུང་གི་དམག་སྲིད་ཁྱབ་ཁོངས་ལས་བོད་དམག་ཁུལ་ཁང་གི་དམག་དོན་སྒྲིག་འཛུགས་དང་འཛུགས་སྐྲུན། དེ་བཞིན་དེའི་འཕེལ་རིམ་ལ་དབྱེ་ཞིབ་གནང་བའི་ཉམས་ཞིབ་ཀྱི་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་། དེ་ཡང་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིོབ་ཁང་གི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གདན་ཞུས་ཐོག ཉམས་ཞིབ་པ་འབུམ་རམས་པ་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་དང་ཕན་ཐོགས་ལགས། དེ་བཞིན་ཉམས་གསོ་ཉམས་ཞིབ་པ་བློ་བཟང་བཀྲ་ཤིས་ལགས་བཅས་གསུམ་གྱིས་ཉམས་ཞིབ་དང་རྩོམ་སྒྲིག་གནང་བའི་བོད་དམག་ཁུལ་ཁང་གི་བྱུང་བ་བརྗོད་པ་ A Historical Development of the Tibet Military District and China’s Military Infrastructure in Tibet ཞེས་པའི་ཉམས་ཞིབ་ཀྱི་སྙན་ཐོ་དེ་ཉིད་དབུ་འབྱེད་གནང་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་དབུས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་དང་། ཉམས་ཞིབ་པ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་རྣམ་པ་བཅས་ཆེད་ཕེབས་གནང་འདུག སྐབས་དེར་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་། བོད་དེ་བཞིན་ས་བབ་ཀྱི་ཆ་ནས་དམག་གི་འཐབ་བྱུས་ཐད་གལ་འགངས་ཆེན་པོ་ཆགས་ཡོད་པ་འགྲེལ་བརྗོད་དང་འབྲེལ། དེ་སྔ་རྒྱ་ནག་དབུ་ཁྲིད་ཚོས་རྒྱལ་ཁབ་ལྷིང་འཇགས་དགོས་ན་མཐའ་སྲུང་བརྟན་པོ་དགོས་ངེས་ཡིན་པ་དང་། མཐའ་སྲུང་བརྟན་པོ་ཡོད་ན་བོད་དེ་བཞིན་ལྷིང་འཇགས་ཡོང་ངེས་ཡིན་པ་ཐེངས་མང་བཤད་ཡོད་པ་ལུང་འདྲེན་དང་སྦྲགས། བོད་དེ་བཞིན་རྒྱ་ནག་ངོས་ནས་དམག་གི་འཐབ་བྱུས་ཀྱི་ཆེད་དུ་ག་ཚོད་ཀྱི་གལ་འགངས་ཆེན་པོ་ཆགས་ཡོད་པ་གསལ་པོ་ཤེས་ཐུབ་ཀྱི་རེད་ཅེས་གསུངས་བ་མ་ཟད། དྲན་གསོས་པ་ཞིག་ལ་དེ་སྔ་བོད་ནང་དམག་དོན་དང་འབྲེལ་བའི་གནམ་ཐང་ཁག་ཅིག་ཡོད་པ་གསལ་སྟོན་གྱིས། ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་དམག་མི་འགྲོ་ལམ་མྱུར་པོ་ཡོང་རྒྱུའི་ཆེད་དུ་གནམ་ཐང་མང་དག་ཅིག་འཛུགས་སྐྲུན་བྱས་ཡོད་པ་ཐེར་འདོན་གནང་སོང་། སྙན་ཐོ་དེ་དང་འབྲེལ་ནས་ཉམས་ཞིབ་པ་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཐོག་མར་བོད་ཀྱི་དམག་ཁུལ་ཁག་དང་འབྲེལ་བའི་ཉམས་ཞིབ་བྱེད་འགོ་བཙུགས་སྟངས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་བྱུང་རིམ། དེ་བཞིན་ཚོགས་ཆུང་བཙུགས་དགོས་པའི་བྱུང་རིམ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་སོང་། ཕྱོགས་མཚུངས་ཉམས་གསོའི་ཉམས་ཞིབ་པ་བློ་བཟང་བཀྲ་ཤིས་ལགས་ཀྱིས་ཕྱི་ལོ་ ༢༠༡༦ བར་བོད་དམག་ཁུལ་ཁང་གི་བྱུང་བ་དང་འཕེལ་རིམ་ངོ་སྤྲོད་དང་འབྲེལ། རྒྱ་ནག་གཞུང་གིས་བོད་དམག་ཁུལ་ཁང་ཆེད་དུ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། དེ་བཞིན་གནམ་ཐང་སོགས་འཛུགས་སྐྲུན་བྱས་པ་སོགས་གསལ་སྟོན་གྱིས། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་དམག་གི་གནམ་ཐང་ཁྱོན་ ༡༣...
Dharamshala: Tibetans in-exile hold Tattoo protest against China’s Ethnic Unity Law
On the 42nd Day Commemoration of Lobga Rangzen, the Tibetan Youth Congress organised a unique and symbolic protest action, 'Tibet Tattoo Protest' here in Dharamshala.
Tacoma Mayor’s Letter to Xi Praises China’s Religious Freedom
The mayor of a Seattle-area city praised China’s government for “safeguarding” religious liberty after she visited the country, in a private letter she addressed to Chinese leader Xi Jinping (習近平) last year. In the missive, Victoria Woodards, then mayor...
Tibetans in Shimla go on 24-hour hunger strike against Chinese law on ethnic minorities
The law has come under fire from global rights bodies, which say it can be used to justify forced assimilation in regions like Tibet and Xinjiang.
Bill strengthening legitimacy of Tibetan Govt. in Exile, leadership introduced in US Senate
Tenzin Nyidon DHARAMSHALA, Aug. 13: The US Senate introduced the Assuring the Future of Tibet Act of 2026 (AFTA) on Tuesday, a bipartisan measure aimed at reinforcing Washington’s long-term engagement with the Tibetan people and strengthening the international standing...
TSJC bench holds second hearing for Case No. 23
Tenzin Nyidon DHARAMSHALA, Aug. 13: A three-judge bench of the Tibetan Supreme Justice Commission (TSJC), the highest judicial body of the Central Tibetan Administration (CTA), on Wednesday held a proceeding for the framing of the issues in Case No. 23,...
Zhu Rongji used economics to exert greater control over Tibet
The Zhu-led Western Development Strategy was able to “bring Tibetans in line with Chinese government policies.”
Companion US Senate bill supports existential recognition of Central Tibetan Administration
(TibetanReview.net, Aug12’26) – A bill already on the table in the US House of of Representatives designed to ensure the survival of Tibet’s political identity for the enduring future on the world stage has been strengthened with the Senate...
India says bilateral ties with China hinge on border situation amid testy exchanges on Arunachal placenames
(TibetanReview.net, Aug12’26) – Following China’s raising of objections to its listing of 27 standardised placenames in its Tibet-border state of Arunachal Pradesh on Aug 7, India has reiterated its position Aug 11 that the state of its border with...













