Tibetan
ཧྲང་ཧེ་མཉམ་ལས་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་༢༥ པ་འཚོགས་བཞིན་པ།
ཕྱི་ལོ་༢༠༢༦ཟླ་༩ཚེས་༡ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧྲང་ཧེ་མཉམ་ལས་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་༢༥པ་དེ་ཁིར་གྷེ་སི་ཐན་༼Kyrgyzstan༽གྱི་རྒྱལ་ས་བྷི་ཤི་ཀེ༼Bishkek༽ལ་འཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་ཐོག་ཏུ་རྒྱ་གར་གྱི་སྲིད་བློན་མུ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་། ར་ཤི་ཡའི་སྲིད་འཛིན་པུ་ཊིན་སོགས་ཚོགས་ཞུགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཕེབས་ཡོད་འདུག ཧྲང་ཧེ་མཉམ་ལས་སྒྲིག་འཛུགས་དེ་ཕྱི་ལོ་༢༠༠༡ ཟླ་༦ ཚེས་༡༥ ཉིན། The post ཧྲང་ཧེ་མཉམ་ལས་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་༢༥ པ་འཚོགས་བཞིན་པ། appeared first on བོད་ཀྱི་བང་ཆེན།.
བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ཉེར་ལྔ་པའི་མཇུག་བསྡོམས་མཛད་སྒོར་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་ཕེབས་ཞུགས་ཀྱིས་གསུང་བཤད...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་ཁྱབ་ཁོངས་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་འོག་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་སྐུ་ཚབ་རྣམས་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ལྷན་འཛོམས་ཀྱིས། བོད་མིའི་མཉམ་འབྲེལ་གྱི་འཛིན་སྐྱོང་དང་ལས་དོན་ཁག་ཚགས་ཚུད་གོང་མཐོར་གཏོང་ཐབས་ཐད་གོ་བསྡུར་དང་འབྲེལ། མཉམ་འབྲེལ་གྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ཉེར་ལྔ་པ་དེ་བཞིན་མཇུག་སྒྲིལ་ཡོད། དེ་ཡང་སྐབས་དེར་སྐུ་མགྲོན་གཙོ་བོར་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་ཕེབས་ཞུགས་ཀྱིས་གསུང་བཤད་གནང་ཡོད། ཁོང་གིས་ལས་བྱེད་ནང་ཁུལ་མཉམ་ལས་དགོས་གལ་དང་། ལྷག་པར་མཉམ་འབྲེལ་དྲུང་ཆེའི་ལམ་སྟོན་འོག་ཕྱར་གུ་མཉམ་འདེགས་གནང་དགོས་པའི་ནན་བརྗོད་གནང་ཡོད། དེ་བཞིན་མཉམ་འབྲེལ་ལས་ཁུངས་ངོས་ནས་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུ་དང་ལྷན་རྒྱུན་གནས་ཐུབ་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་དགོས་པའི་ནན་སྐུལ་གནང་།དེ་མཚུངས་བཀའ་བློན་མཆོག་གིས་མཉམ་འབྲེལ་ཚོགས་མི་དང་ལས་བྱེད་ཡོངས་ནས་འགན་ཁུར་དང་ཆོད་སེམས་བརྟན་པོའི་ཐོག་ནས་མཉམ་འབྲེལ་གྱི་ལས་དོན་ཡར་རྒྱས་དང་། རྒྱུན་གནས་ཐུབ་ཐབས་ལ་འབད་བརྩོན་གནང་དགོས་པ་དང་འབྲེལ། མི་མང་མཉམ་རུབ་ཀྱིས་ལས་ཀ་བྱེད་སྐབས་མཉམ་ལས་ཀྱི་ནུས་པ་འདོན་ཐུབ་པ་དང་། སྤྱི་ཚོགས་ཀྱི་ཡར་རྒྱས་གོང་འཕེལ་ལ་ཕན་ཐོགས་སྒྲུབ་ཐུབ་ཀྱི་ཡོད་ཅེས་གསུངས། མཛད་སྒོའི་ཐོག་ནང་སྲིད་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་འདས་པའི་ལོ་གཅིག་ནང་གྲུབ་འབྲས་དང་བྱས་རྗེས་རླབས་ཆེན་བཞག་པའི་མཉམ་འབྲེལ་ཚོགས་པ་ཁག་གཅིག་ལ་གཟེངས་རྟགས་གནང་ཡོད། སྐབས་དེར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ཀྱིས་ཚོགས་ཆེན་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ཁག་སྙན་སྒྲོན་གནང་བ་དང་། མཉམ་འབྲེལ་གྱི་འཛིན་སྐྱོང་ཚགས་ཚུད་ཡོང་སླད་མཉམ་ལས་དང་། ནུས་པ་མཉམ་སྤུངས་དགོས་གལ་ཐོག་གསལ་སྟོན་གནང་ཡོད་པ་བཅས།།
ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་སིམ་ལར་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་མཇལ་ཁ་ཞུས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༣༠ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་སིམ་ལར་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་མཇལ་ཁ་ཞུས་ཏེ་ཁྱབ་ཁོངས་དགོན་སྡེ་ཁག་དང་། ས་གནས་འགོ་འཛིན་ལས་ཁུངས། ཁྱབ་ཁོངས་སྡེ་ཚན་ཁག དེ་བཞིན་བཟོ་གྲྭའི་ཚོགས་ཁང་ནང་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སིམ་ལར་འབྱོར་སྐབས་ས་གནས་འགོ་འཛིན་གིས་དབུས་པའི་རྡོ་རྗེ་བྲག་དགོན་པ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་བོད་མིའི་ལག་ཤེས་བཟོ་གྲྭའི་བཟོ་འགོ ས་གནས་རང་བདེན་ཚོགས་ཆུང་ལ་སོགས་པའི་སྡེ་ཚན་ཁག་གི་སྐུ་ཚབ་རྣམས་ནས་ཕེབས་བསུ་ཞུས།དེ་རྗེས་རྡོ་རྗེ་བྲག་དགོན་པར་མཆོད་མཇལ་ཞུས་ཏེ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་མཇལ་ཁ་ཞུས་པ་དང་། དེ་ནས་ས་གནས་འགོ་འཛོན་ལས་ཁུངས་དང་། ལག་ཤེས་བཟོ་གྲྭ། ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། སིམ་ལ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭའི་ཡན་ལག་ཀུ་སུམ་ཀྲི་སྔོན་འགྲོ་སློབ་གྲྭ། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་ལ་འཚམས་གཟིགས་སུ་ཕེབས་ཡོད་པ་དང་། དེ་བཞིན་བགྲེས་སོང་ཉམ་ཐག་རྣམ་པའི་ཁྱིམ་དུ་ཐུག་འཕྲད་དང་། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་བོད་མིའི་ལག་ཤེས་བཟོ་གྲྭའི་ཚོགས་ཁང་ནང་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་དོན། ས་གནས་སུ་ཕེབས་དགོས་དོན་འགྲེལ་བརྗོད་གནང་ཁོངས་དབུ་ཁྲིད་བླ་ཆེན་རྣམ་པར་འཚམས་ཞུ་དང་ཁྱབ་ཁོངས་དགོན་སྡེ་ཁག་མཆོད་མཇལ། སྡེ་ཚན་ཁག་ལ་རྟོགས་ཞིབ། མི་མང་ཐུག་འཕྲད་བཅས་ཀྱི་ཆེད་དུ་ཕེབས་པ་དང་། སྐབས་ ༡༧ པའི་བཀའ་ཤག་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ། ༸གོང་ས་མཆོག་ཐུགས་བསུན་བཟོ་མི་དགོས་པ། གཞིས་ལུས་མི་མང་བློ་ཕམ་མི་དགོས་པ་ཞུ་རྒྱུ། བཀའ་ཤག་གི་ལས་དོན་ཡོངས་རྫོགས་ཁྲིམས་སྒྲིག་གཙོ་བཟུང་ཐོག་གནང་རྒྱུ། ༸གོང་ས་མཆོག་གི་༸སྐུའི་ཉེན་སྲུང་ཞུ་སྒོ་རྒྱ་གར་གཞུང་དང་ཟུང་འབྲེལ་ཐོག་སྔར་ལྷག་དམ་དོན་ཞུ་རྒྱུ། ༸རྒྱལ་བའི་ཡང་སྲིད་གནད་དོན་ཐོག་ཨ་རི་དང་རྒྱལ་ཁབ་གྲངས་ ༣༨ ནས་རྒྱབ་སྐྱོར་ཐོབ་པ་བཞིན་མུ་མཐུད་རྒྱབ་སྐྱོར་ཐོབ་ཐབས་ཞུ་རྒྱུ། འཛིན་སྐྱོང་ངོས་ནས་མང་གཙོ་ཀ་བ་གཞན་གཉིས་དང་།...
རང་ལུས་མེར་བསྲེགས་ལ་རྒྱལ་སྤྱིའི་དོ་སྣང་འདང་ངེས་ཤིག་བྱས་ཡོད་དམ།
བོད་དོན་ངོ་རྒོལ་བྱེད་མཁན་ཚོར་རྒྱལ་སྤྱིའི་ངོས་ནས་ཡ་ལན་གང་འདྲ་ཡོང་གི་ཡོད་མེད་ལ་ལྟ་ཞིབ་བྱེད་པའི་གནད་དོན་ཞིག་ཏུ་གྱུར་བ།
གངས་རིའི་འཁྱགས་རུད་ལས་བྱུང་བའི་གནོད་འཚེ་རེད་དམ།
བལ་བོད་ས་མཚམས་སུ་གངས་རི་བསྐྱར་དུ་ཉིལ་བའི་ཉེན་ཁ་ཡོད་བཞིན་པའི་ཐོག་མུ་མཐུད་མྱུར་སྐྱོབ་བྱེད་བཞིན་པ།
རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།
བོད་ཀྱི་ཤར་ཕྱོགས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་རྒྱ་ནག་གཞུང་གིས་བཙན་གནོན་བྱས་ཏེ། སློབ་གླིང་གི་གྲྭ་ཤག་བཙན་བཤིག་དང་སློབ་གཉེར་བ་ཕྱིར་སྐྲོད་བཏང་བའི་གནས་ཚུལ་བྱུང་འདུག འདི་ནི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་སྒོ་ནས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་ཤག་བཙན་བཤིག་དང་སློབ་གཉེར་བ་བཙན་སྐྲོད་བྱས་པའི་རྒོལ་རྡུང་ཐེངས་ལྔ་པ་རེད་འདུག རྒྱ་ནག་གཞུང་གིས་ཡང་དང་བསྐྱར་དུ་དགོན་པར་གཏོར་བཅོམ་དང་། གྲྭ་བཙུན་དང་དགེ་བསྙེན་སྟོང་ཕྲག་ལྷག་ཕྱིར་སྐྲོད་བྱས་པའི་ཁྲོད་དུ་རྒྱ་ནག་གི་གྲྭ་བཙུན་དང་དགེ་བསྙེན་ཡང་ཚུད་ཡོད་འདུག The post རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ། appeared first on བོད་ཀྱི་དུས་བབ།.
མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།
བཞུགས་སྒར་དྷ་སར་ཉིན་གྲངས་གསུམ་རིང་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པ་ཞིག་འཚོག་གིན་འདུག The post མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས། appeared first on བོད་ཀྱི་དུས་བབ།.
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས། The post རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། appeared first on བོད་ཀྱི་དུས་བབ།.
མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་དབུ་འཛུགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༣༡ ཉིན་དྷ་ས་ཉེ་འདབས་སུ་ཆགས་པའི་དྷོ་ལ་དྷར་ Dhauladhar Heights Resort ཞེས་པའི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ཀྱི་གོ་སྒྲིག་འོག་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་དབུ་འཛུགས་གནང་ཡོད། གླེང་སྟེགས་དེའི་ཐོག་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། བོད་དང་འབྲེལ་བའི་སྲིད་བྱུས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་རེད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་དབུ་འབྱེད་མཛད་སྒོ་དབུ་འཛུགས་གནང་ཞིང་། སྐབས་དེར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་གནང་ཡོད་པ་དང་། གཞན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་དང་། བྱང་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། ཨོསྟྲེ་ལི་ཡ་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས། དེ་བཞིན་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་ཤེས་ཡོན་ཅན་དང་། ལས་འགུལ་འགོ་ཁྲིད་པ། མང་གཙོའི་སྤྱི་ཚོགས་ཀྱི་ལས་འགུལ་བ་དང་ཆེད་ལས་མི་སྣ་སོགས་ཁྱོན་ཚོགས་ཞུགས་པ་ ༢༨ ཙམ་ལྷན་འཛོམས་གནང་ཡོད། དང་ཐོག་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་གྲུབ་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་རང་བཞིན་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་གནད་དོན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད། མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༣༡ ནས་ཟླ་བ་...
བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།
བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར། The post བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར། appeared first on བོད་ཀྱི་དུས་བབ།.
བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བསྐོང་ཚོགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༢༨ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་དབུ་བཞུགས་ཐོག་བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བསྐོང་ཚོགས་གནང་ཡོད། སྐབས་དེར་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྲིད་བྱུས་དང་། ཚོགས་པའི་མ་འོངས་ལས་དོན་གཙོ་ཆེ་ཁག་གི་ཐོག་གྲོས་བསྡུར་གནང་ཡོད། དེ་ཡང་ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྲིད་བྱུས་བསྐྱར་ཞིབ་དང་། སྨན་ཉོ་སྒྲུབ། གོད་ཆག་དང་ཛ་དྲག་སྟངས་འཛིན། སྨན་པའི་ཤེས་ཡོན་དང་གསོ་བ་རིག་པ། ཆེད་ལས་གོང་འཕེལ་དང་ནུས་པ་གོང་མཐོར། རྨང་གཞི་འཛུགས་སྐྲུན། ཉམས་ཞིབ། གསོ་བ་རིག་པ་དང་མཉམ་ལས་བཅས་ཀྱི་ཐོག་བསྐྱར་ཞིབ་གནང་ཡོད། བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྲིད་བྱུས་དེ་བཞིན་ཡུན་རིང་སྒྲོམ་གཞི་ཞིག་ཏུ་འགྱུར་རྒྱུར་དམིགས་ཡོད་སྟབས་ཚོགས་མི་རྣམས་ཀྱིས་སྲིད་བྱུས་དེ་ཉིད་རྒྱ་གར་གྱི་ཉེ་དུས་ཀྱི་ཁྲིམས་དང་། སྒྲིག་གཞི་བཅས་ལ་གཞིགས་ཏེ་བཟོ་དགོས་པའི་ནན་བརྗོད་གནང་ཡོད། སྐབས་དེར་ཚོགས་མི་རྣམས་ཀྱིས་འཕྲོད་བསྟེན་དང་འཛིན་སྐྱོང་མི་སྣ་ལས་གྲུབ་པའི་འཕྲོད་བསྟེན་ལམ་སྟོན་ཚོགས་ཆུང་ཞིག་ཆེད་འཛུགས་གནང་རྒྱུར་མོས་མཐུན་གནང་ཡོད་པ་མ་ཟད། ཚོགས་འདུའི་ཐོག་རླངས་འཁོར་རྙིང་པ་དེ་དམ་འབྱར་དང་ལེན་བརྒྱུད་ནས་བཙོང་རྒྱུ་གཏན་འབེབས་གནང་བ་དང་། ཐེངས་རྗེས་མའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་དེ་བཞིན་ཕྱི་ལོ་ ༢༠༢༧ ཟླ་བ་ ༠༣ ནང་དྲ་ཐོག་བརྒྱུད་ཚོགས་གཏན་འཁེལ་ཡོད་པ་བཅས།།
ཆུ་ལོག་སྐོར་ལ་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་མི་༡༡ ལ་ཁྲིམས་ཆད་བཅད་འདུག
ཁ་སང་བར་བལ་བོད་གཉིས་ཀྱི་ས་མཚམས་སུ་ཆུ་ལོག་དང་ས་རུད་རྐྱེན་གྱིས་བོད་ནང་མི་༡༦ གྲོངས་ཡོད་པ་དང་། མི་༥༤༦ གར་སོང་ཆ་མེད་དུ་གྱུར་བ། དེ་དག་གི་ཁྲོད་ཕྱི་རྒྱལ་གྱི་མི་སེར་༢༦༡ གར་སོང་ཆ་མེད་དུ་གྱུར་ཡོད་པ་བརྗོད་འདུག་པ་དང་། བོད་ནང་དང་རྒྱ་ནག་ནང་ཆུ་ལོག་གི་དོན་རྐྱེན་དང་འབྲེལ་ནས་དྲྭ་ཐོག་ཏུ་དཀྲོག་གཏམ་སྤེལ་མཁན་མི་༡༡ ལ་ཁྲིམས་ཐོག་ནས་ཉེས་ཆད་བཅད་ཡོད་པ་བརྗོད་འདུག The post ཆུ་ལོག་སྐོར་ལ་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་མི་༡༡ ལ་ཁྲིམས་ཆད་བཅད་འདུག appeared first on བོད་ཀྱི་བང་ཆེན།.
འདམ་རྡོ་ཆུ་རུད་ནས་ཐར་པའི་ལོ་རྒྱུས།
བོད་མི་གཅིག་གི་རང་གི་ཨ་མ་རང་ལོ་ ༩༨ ཡིན་པ་གཅིག་རྒྱབ་ཏུ་གཡུག་སྟེ་བྲོས་དགོས་བྱུང་འདུག
སྐར་མ་གསུམ་གྱི་ནང་ལ་ཡོད་ཚད་འཁྱེར་བའི་ཆུ་རུད།
ཆུ་ཚོད་ ༡༠ དང་སྐར་མ་ ༥༦། སྐྱིད་གྲོང་གི་རི་སྟེང་དུ་ཡོད་པའི་ཕྱུགས་རྫི་ཞིག་གིས་གཤམ་གྱི་ཡུལ་མིར་ཁ་པར་བཏང་ནས་ཆུ་རུད་ཡོང་བཞིན་པའི་ཉེན་བརྡ་བཏང་འདུག འོན་ཀྱང་། སྐར་མ་གསུམ་ཙམ་ལས་མ་འགོར་བར། ཆུ་ཚོད་ ༡༠ དང་སྐར་མ་ ༥༩ ཙམ་ལ། ཁ་པར་འབྲེལ་ལམ་ཆད་པ་དང་། འདམ་དང་རྡོ། ཆུ་བོ་བཅས་མཉམ་དུ་འཕྱུར་ནས་སླེབས་པའི་ཆུ་རུད་ཀྱིས་སྐྱིད་གྲོང་འགག་སྒོའི་ཉེ་འཁོར་ཧ་ལམ་མིག་སྔ་ནས་བསུབས་ཤིང་། “ད་གང་ཡང་ལྷག་མ་སོང་།”ཞེས་སྐྱིད་གྲོང་གི་ཡུལ་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་བཤད་པའི་ཚིག་ཅིག་རེད། ཁོང་གིས། “གནོད་འཚེ་མ་བྱུང་གོང་གི་དགོང་མོར་མཉམ་དུ་སྐད་ཆ་བཤད་ནས་བསྡད་པའི་མི་ཁ་ཤས། ཕྱི་ཉིན་དེར་འདས་གྲོངས་སུ་སོང་འདུག ཚང་མ་གློ་བུར་དུ་བྱུང་བས། རྨི་ལམ་ནང་བཞིན་འདུག” ཅེས་བརྗོད་བྱུང་། ཡུད་ཙམ་གྱི་ནང་གྲོང་སྡེའི་རྣམ་པ་བསྒྱུར་བ། ཟླ་༨ ཚེས་༢༦ ཉིན། བོད་ཀྱི་སྐ...
བརྟན་བཞུཊ་སྐབས་བལ་བོད་ས་མཚམས་སུ་གོད་ཆག་ཕོག་པ་ཚོར་ཐུགས་སྨོན་མཛད་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༢༠༢༦ ཕྱི་ཟླ ༨ ཚེས་ ༣༠ ཉིན་ལ་དྭགས་ནང་པའི་ཚོགས་འདུ་དང་ལ་དྭགས་དགོན་སྤྱི་ལྷན་ཚོགས། ཡང་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་བཅས་ནས་བརྟན་བཞུགས་བལྟར་འབུལ་ཞུས་པའི་སྐབས། བོད་དང་བལ་ཡུལ་ས་འཚམས་ཕྱོགས་སུ་ཆུ་ལོག་གི་རྐྱེན་ངན་བྱུང་བར་༧མགོན་པོ་མཆོག་གིས་ཐུགས་སྨོན་གནང་སོང་བ་དང་མཉམ་བཀའ་སློབ་བསྩལ་བའི་ནང་དམིགས་བསལ་དུ་ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་ཁ་ནས་བཤད་པ་གཅིག་པུ་མ་ཡིན་པར་ལག་ལེན་དང་ཉིན་ལྟར་ཉམས་ལེན་བྱེད་དགོས་པ་གལ་ཆེ་ཡིན་པ་བཀའ་སློབ་བསྩལ་གནང་མཛད་སོང་། བརྟན་བཞུགས་གྱི་མཛད་སྒོ་འདི་བཞིན་ལ་དྭགས་གཤམ་སྟོད་གཞུང་གསུམ་དང་ས་གནས་སུ་བཞུགས་མཁན་གྱི་བོད་མི་ཡོངས་ནས་འབུལ་བ་ཡོད་པ་དང་ལྷག་པར་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཆོ་གའི་སྒོ་ནས་བསྒྲུབས་ཡོད་པ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྒན་བ...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མང་ཡུལ་ལ་དྭགས་ནས་གནས་བཅུ་དང་འབྲེལ་བའི་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་པའི་ཚོགས་འདུ་དང་། ལ་དྭགས་དགོན་ཚོགས། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཞི་བའི་ཚལ་གསུང་ཆོས་ར་བར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་བྱེ་བྲག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་སླད་དུ། ལ་དྭགས་ནང་པའི་ཚོགས་འདུ་དང་། ལ་དྭགས་དགོན་ཚོགས། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་བཅས་ནས་གནས་བཅུ་དང་འབྲེལ་བའི་མདོ་ལུགས་བརྟན་བཞུགས་འབུལ་ཆེད་སྔ་དྲོའི་ཆུ་ཚོད་ ༨།༡༥ ཙམ་ལ་ཕོ་བྲང་དགེ་འཕེལ་གླིང་ནས་ནང་ཚོགས་དང་དགོན་ཚོགས་ཀྱི་ཚོགས་གཙོ་དང་། ལ་སྤྱི་བཀྲ་ཤིས་དོན་གྲུབ་ལགས་བཅས་ནས་སྤྱན་རྒྱ་སྤོས་སྣེ་དང་བཅས་དུས་འཁོར་ལྷ་ཁང་དུ་གདན་འདྲེན་ཞུས་པ་དང་། ལྷ་ཁང་མདུན་ནས་འབྲུག་པ་ཐུགས་སྲས་རིན་པོ་ཆེས་མཇལ་ཁ་ཞུས་ཏེ་དུས་འཁོར་ལྷ་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད།དེ་རྗེས་བརྟན་བཞུགས་ཀྱི་རྡོར་སློབ་༸སྐྱབས་རྗེ་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་ཤིང་། ཞལ་འདོན་ཐོག་མར་རྒྱུན་ཆགས་གསུམ་པ་གསུང་མུར་གསོལ་ཇ་བཞེས་འབྲས་ཕེབས་པ་དང་། སྤྱན་འདྲེན་ཁྲུས་གསོལ་སོགས་བརྟན་བཞུགས་ཀྱི་གནང་སྒོ་རིམ་པར་བསྐྱངས་ཏེ། བཟང་སྤྱོད་ཡན་ལག་བདུན་མ། རྩ་རུའི་ཚོགས་མཆོད། ཞལ་ཟས་རོ་བརྒྱ་མ་རིམ་པར་ཕེབས་པ་དང་། དབུ་བཞུགས་རྡོ་རྗེ་སློབ་དཔོན་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་གིས་གསོལ་འདེབས་མཎྜལ་སྐབས་ནང་པའི་ཚོགས་འདུ་དང་དགོན་ཚོགས་འཐུས་མི་ནས་མཎྜལ་ཚོམ་བུ་ཟུར་འདེགས་གནང་། དབུ་བཞུགས་མཆོག་སྐུ་བཞེངས་ཐོགས་མཎྜལ། སྐུ་རྟེན། གསུང་རྟེན། ཐུགས་རྟེན། ན་བཟའ་སྣམ་སྦྱར། བླ་གོས། ཐང་གོས། དབུ་ཞྭ། གདིང་བ། ལྷུང་བཟེད། མཁར་བསིལ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་རྫས་བརྒྱད་བཅས་ཕུལ་ཏེ་ཚོགས་མི་རྣམས་ཀྱིས་རིམ་བཞིན་མཇལ་ཁ་ཞུས།དེ་རྗེས་ཉེ་ལམ་བོད་དང་བལ་ཡུལ་གཉིས་ཀྱི་ས་མཚམས་བོད་ཕྱོགས་སྐྱིད་གྲོང་དང༌། བལ་ཡུལ་ཕྱོགས་ར་སུ་ཝ་ཁུལ་ས་གནས་མང་པོར་ཆུ་ལོག་དང་ས་རུད་ཚབས་ཆེའི་རྐྱེན་ངན་གོད་ཆག་འོག་འདས་གྲོངས་ཕྱིན་པ་དང་།...
བལ་ཡུལ་ཏི་མུ་རེ་ནས་བོད་པ་ ༣༥ ཙམ་དང་བོད་སྐྱིད་གྲོང་གི་བོད་མི་ཁྱིམ་ཚང་མང་པོ་ཆུས་འཁྱེར།
བལ་ཡུལ་ཏི་མུ་རེ་ནས་བོད་པ་ ༣༥ ཙམ་དང་བོད་སྐྱིད་གྲོང་གི་བོད་མི་ཁྱིམ་ཚང་མང་པོ་ཆུས་འཁྱེར་ཡོད་པ་འབྲེལ་ཡོད་ཀྱིས་བརྗོད་པ།
སྐྱིད་གྲོང་ཕྱོགས་སུ་ནང་མི་འཚོལ་མཁན་མང་པོ་ཡོད་པ་དང་ཤི་རྨས་གྲངས་འབོར་འཕར་བཞིན་ཡོད་པ།
སྐྱིད་གྲོང་གི་འདམ་རྡོ་ཆུ་རུད་ཤི་རྨས་གྲངས་འབོར་འཕར་བཞིན་ཡོད་པ་དང་ས་གནས་སུ་མི་འཚོལ་སྐྱོབ་ཀྱི་ལས་ཀ་མུ་མཐུད་བྱེད་བཞིན་པ
བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག
རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དེ་སྔའི་འཆར་གཞི་ལྟར་བལ་ཡུལ་ཀ་ཐ་མན་ཌུ་གཙུག་ལག་སློབ་གྲྭ་ཆེན་མོར་འཚོགས་མི་ཆོག་པའི་བཀའ་རྒྱ་བཏང་བར་བརྟེན་དྲ་ལམ་དུ་ཚོགས་དགོས་ཁེལ། The post བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག appeared first on བོད་ཀྱི་དུས་བབ།.
ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།
ཕྱི་ལོ་ ༡༩༥༠ ནས་བཟུང་བོད་མི་རྣམས་ཀྱིས་པེ་ཅིང་གི་དབང་སྒྱུར་འོག་གནོན་ཤུགས་ཆེན་པོ་མྱངས་ཡོད། འོན་ཀྱང་ཞི་ཅིན་ཕིང་གི་སྐབས་ཀྱི་གཉའ་གནོན་ནི་དེ་བས་ཀྱང་ཚབས་ཆེ་བའི་རྣམ་པ་ཞིག་ཏུ་གྱུར་ཡོད། ཞི་ཅིན་ཕིང་གིས་སྔོན་གྱི་འགོ་ཁྲིད་རྣམས་ཀྱི་སྲིད་བྱུས་དག་མཇུག་སྐྱོང་བྱས་པ་ཙམ་མ་ཡིན་པར། དེ་དག་ཆ་ཚང་བའི་གཉའ་གནོན་གྱི་མ་ལག་ཅིག་ཏུ་བསྒྱུར་སྤེལ་བྱས་ནས། བོད་མིའི་རིག་གཞུང་། དད་མོས། ཆེ་མཐོང་བཅས་ཀྱི་གཞི་རྩ་ལ་གནོད་འཚེ་བཏང་ཡོད། The post ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན། appeared first on བོད་ཀྱི་དུས་བབ།.
འདམ་རུད་ཀྱི་རྐྱེན་རྩ་འདི་འཁྱགས་རྡོ་ཉིལ་པའི་དབང་གིས་ཡིན་པར་ངོས་འཛིན་གནང་གི་འདུག
བལ་བོད་ས་མཚམས་ཀྱི་ཚབས་ཆེའི་ཆུ་ལོག་དང་འདམ་རུད་ཀྱི་འབྱུང་རྐྱེན་ནི་འཁྱགས་རྡོ་ཟགས་པའི་དབང་གིས་ཡིན་པའི་རྟགས་ཚན་མངོན་གྱི་ཡོད་པ་འབྲེལ་ཡོད་ཁྱད་ལས་པས་གསུངས་བྱུང་། ཚབས་ཆེའི་ཆུ་ལོག་གི་འབྱུང་རྐྱེན། བལ་ཡུལ་དང་བོད་ཀྱི་སྐྱིད་གྲོང་ས་མཚམས་སུ་ཕྱི་ཚེས་ ༢༨ ཉིན་ཚབས་ཆེའི་འདམ་རུད་བྱུང་སྟེ་མི་གྲངས་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། སྟོང་འཚོ་བརྒལ་བ་གར་སོང་ཆ་མེད་དུ་གྱུར་བའི་ཚབས་ཆེའི་ཆུ་ལོག་དང་འདམ་རུད་ཀྱི་རྐྱེན་རྩ་ནི་རྟགས་མཚན་ལ་གཞིགས་ན། བྲག་དང་འཁྱགས་རྡོ་ཆེན་པོ་དེ་འདྲ་ཉིལ་བར་བརྟེན་ནས་བྱུང་པ་ཞིག་ཡིན་པ་བསྟན་གྱི་ཡོད་པ་དང་། འཁྱགས་རྡོ་ཆེན་པོ་ཉིལ་བའི་འཁྱགས་རོམ་ཉིལ་བའི་གངས་རུད་བྱུང་པ་ཞེས་མིང་ཚིག་འདི་བེད་སྤྱོད་བྱེད་ཀྱི་ཡོད་པ་ནེ་དྷར་ལེནཌི་ནང་Utrecht གཙུག་ལག་སློབ་ཆེན་གྱི་ས་ཁམས་དངོས་ཀྱི་ཉམས་ཞིབ་སྡེ་ཚན་ནང་འབུམ་རམས་པའི་ཉམས་ཞིབ་སློབ་གཉེར་གནང་བཞིན་ཡོད...
རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག
འདི་ལོའི་ལོ་མཇུག་བར་རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་བེ་ཤིས་རྫོང་གི་ཡེ་ཀྲི་གྲོང་རྡལ་དུ་གནས་སྤོས་ཚར་བ་བྱ་རྒྱུ་ཡིན་ཟེར། The post རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག appeared first on བོད་ཀྱི་དུས་བབ།.
བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།
བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པའི་སྟེང་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་། The post བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་། appeared first on བོད་ཀྱི་དུས་བབ།.
བལ་བོད་ས་མཚམས་སུ་ས་རུད་དབང་གིས་བོད་ནང་མི་༥༥༨ གར་སོང་ཆ་མེད་དུ་གྱུར་འདུག
བལ་ཡུལ་དང་བོད་གཉིས་ཀྱི་ས་མཚམས་སུ་ཆུ་ལོག་དང་ས་རུད་བྱུང་ནས་མི་བརྒྱ་ཕྲག་འགའ་ཤས་ཀྱིས་ཚེ་སྲོག་ཤོར་ཡོད་འདུག་ཅིང་། བརྒྱ་ཕྲག་འགའ་ཤས་ག་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག The post བལ་བོད་ས་མཚམས་སུ་ས་རུད་དབང་གིས་བོད་ནང་མི་༥༥༨ གར་སོང་ཆ་མེད་དུ་གྱུར་འདུག appeared first on བོད་ཀྱི་བང་ཆེན།.
དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༢༥ པའི་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་འོག་བཞུགས་སྒར་དྷ་རམ་ས་ལའི་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༢༥ པའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་གནང་སོང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས་ལགས་དང་སྤྱི་ཁྱབ་འགན་འཛིན་ནོར་བུ་ཚེ་རིང་ལགས། ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་གཙོ་རྣམ་པ་དང་། དྲུང་ཆེ་རྣམ་པ་སོགས་ཕེབས་འདུག སྐབས་དེའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོས་སྙན་སྒྲོན་དང་ཚོགས་འདུ་ངོ་སྤྲོད་གསུང་བཤད་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་གསུང་བཤད། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་དྲྭ་རྒྱ་གསར་པ་དབུ་འབྱེད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ནོར་བུ་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། ཚོགས་གཞོན་རྣམ་རྒྱལ་འབྱོར་ལྡན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སོང་། མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན་གཙོ་བོ། ད་ལྟ་གོང་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྙན་སྒྲོན་ཞུས་པའི་ནང་། བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་ཞེས་གསལ་བ་ལྟར། ཕན་ཚུན་མཉམ་འབྲེལ་རོགས་རེས་དེ་ཡང་སེམས་ཀྱི་ནང་ནས་གཙོ་བོ་མཐུན་སྒྲིལ་དགོས་ཀྱི་ཡོད་ཅིང་། དེ་མེད་པ་ཡིན་ན་སྐྱོ་བོ་དེ་སྐྱོ་བོ་རང་ལ་བསྡད་རྒྱུ་དང་། ཕྱུག་པོ་དེ་ཕྱུག་པོ་རང་ལ་བསྡད་ནས་སྐྱོ་བོའི་སྡུག་བསྔལ་དེ་ཕྱུག་པོས་ཤེས་ཐབས་མེད་པའི་ཐོག་ནས་མཉམ་འབྲེལ་གྱི་དགོས་དམིགས་གཙོ་བོ་འགྲུབ་ཀྱི་མེད་པའི་གནས་སྟངས་ལྟ་བུ་ཆགས་ཀྱི་ཡོད། ང་ཚོ་བཙན་བྱོལ་བའི་གནས་སྟངས་དཀའ་ངལ་ཆེ་བའི་དུས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འོག མི་རབས་རྒན་པ་ཚོས་ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་། མཉམ་ལས། ལྷག་བསམ་རྣམ་དག་གི་ཐོག་ནས་སྐུ་ལས་བསྐྱོན་ཏེ། བོད་མིའི་མཉམ་འབྲེལ་ཞེས་པ་ཐོག་མར་གསར་འཛུགས་གནང་བའི་སྐོར་དང་འབྲེལ་ཏེ།...

























