Tibetan
ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་།
ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་སྟེ་མྱུར་སྐྱོབ་ཀྱི་ཚད་རིམ་ཨང་གསུམ་པ་ཅན་གྱི་ཐོག་ནས་ཛ་དྲག་གི་མྱུར་སྐྱོབ་བྱ་དགོས་ལུགས་ཀྱི་བཀའ་ཁྱབ་བསྒྲགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མི་གྲངས་བཞི་ལས་རྨས་སྐྱོན་ཕོག་མེད་ལུགས་བསྒྲགས་ནས་དངོས་ཡོད་ཀྱི་གནས་ཚུལ་སྦས་སྐུང་བྱས། The post ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། appeared first on བོད་ཀྱི་དུས་བབ།.
ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།
The post ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས། appeared first on བོད་ཀྱི་དུས་བབ།.
ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།
ཉེ་ལམ་བོད་དོན་འཐབ་རྩོད་པ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་པ་དང་འབྲེལ་ནས། ཨ་རིས་བོད་དོན་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་བསྐྱར་ནན་གྱིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་སྐུལ་མ་གནང་འདུག The post ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས། appeared first on བོད་ཀྱི་དུས་བབ།.
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་དང་བོད་ཕྲུག་ཁྱིམ་སྡེ། རྒས་གསོ་ཁང་བཅས་སུ་འཚམས་གཟིགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༠༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་དང་། ལ་དྭགས་བོད་ཕྲུག་ཁྱིམ་སྡེ་དང་། རྒས་གསོ་ཁང་བཅས་སུ་འཚམས་གཟིགས་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དྭགས་བོད་ཕྲུག་ཁྱིམ་སྡེར་ཕེབས་འབྱོར་སྐབས་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་བསྟན་འཛིན་རབ་བརྟན་ལགས་དང་། སློབ་སྤྱི་དོན་འདུལ་འཇིགས་མེད་ལགས་ཀྱིས་གཙོས་སློབ་གྲྭའི་དགེ་ལས་དང་སློབ་ཕྲུག་ཡོངས་ནས་ཕེབས་བསུ་ཞུས་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྐབས་སུ་གསར་འཛུགས་གནང་བའི་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ཤུལ་དངོས་གཅེས་ཉར་ཁང་དུ་གཟིགས་སྐོར་གནང་རྗེས་དགེ་ལས་དང་སློབ་ཕྲུག་རྣམས་ལ་ཤེས་ཡོན་གྱི་གལ་གནད་དང་། བོད་མིའི་ངོ་བོ་སྲུང་སྐྱོབ། ཁོར་ཡུག་ཐོག་འགན་ཁུར། མ་འོངས་མི་རབས་གསར་པ་རྣམས་ལ་བོད་དོན་ཐོག་མུ་མཐུད་ལས་དོན་སྐྱོང་དགོས་གལ་སྐོར་གསུང་བཤད་གནང་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐོག་མར་རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་བཙན་བྱོལ་དུ་ཤེས་ཡོན་ཐོག་ནས་རང་གི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་གོ་སྐབས་བསྐྲུན་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་དེང་དུས་ཀྱི་ཤེས་ཡོན་དང་། བོད་ཀྱི་སྲོལ་རྒྱུན་གྱི་རིན་ཐང་ཟུང་འབྲེལ་དགོས་གལ་ཐོག་བཀའ་སློབ་གནང་གི་ཡོད་པ་དང་། སློབ་མ་རྣམས་ནས་༸གོང་ས་མཆོག་གི་བཀའ་སློབ་ཉན་དགོས་པའི་སྐུལ་མ་གནང་ཡོད། དེ་བཞིན་ཤེས་ཡོན་གྱི་བསྟི་གནས་ཁག་ནས་སློབ་ཕྲུག་རྣམས་ལ་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། སྐད་ཡིག བོད་ཀྱི་འཐབ་རྩོད་སྐོར་གོ་རྟོགས་གོང་འཕེལ་གཏོང་རྒྱུའི་ཐོག་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་ཞིང་། དེས་བོད་ཀྱི་ངོ་བོ་སྲུང་སྐྱོབ་དང་། མི་རབས་གཞོན་པ་ཚོས་བོད་དོན་ཞུ་གཏུག་ནུས་པ་ལྡན་པའི་ཐོག་སྤེལ་བར་ཕན་ཐོགས་ཡོད་པ་གསུངས།དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལྟ་བུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་གསལ་སྟོན་གནང་སྟེ་སྲིད་བྱུས་དེས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ངོ་བོ་བཅས་རྩ་མེད་གཏོང་རྒྱུར་དམིགས་ཡོད་པ་དང་། བོད་ནང་གི་བོད་ཕྲུག་རྣམས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་བཙན་འཇུག་བྱས་རྗེས་བོད་སྐད་ཤོད་མི་ཐུབ་པར་གྱུར་ཏེ་ཁྱིམ་ཚང་ནང་སྐད་ཡིག་དང་རིག་གཞུང་གི་བར་སྟོང་ཆ་ཆེན་པོ་ཞིག་ཡོང་གི་ཡོད་སྐོར་འགྲེལ་བརྗོད་གནང་། མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་མ་རྣམས་མ་འོངས་པར་བོད་དོན་གྱི་འགན་ཁུར་མཁན་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་ཞིག་ཡིན་པས་རང་གི་སྐད་ཡིག་དང་། རིག་གཞུང་། རིན་ཐང་ཤེས་པའི་སྒོ་ནས་སློབ་སྦྱོང་ཐོག་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་གྲུབ་རྗེས་སློབ་སྤྱི་དོན་འདུལ་འཇིགས་མེད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད།ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་གླིང་དང་། འཛིན་ཁང་། རྩེད་ཐང་བཅས་གཟིགས་སྐོར་གནང་གྲུབ་རྗེས་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་གྱི་ཉེ་འགྲམ་དུ་ཡོད་པའི་རྒས་གསོ་ཁང་དུ་འཚམས་གཟིགས་ཕེབས་ཡོད། སྐབས་དེར་ཁོང་གིས་བགྲེས་སོང་ ༤༩ དང་ཐུག་འཕྲད་གནང་བ་དང་།...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དུ་དད་ལྡན་མི་མང་ཉིས་བརྒྱ་བརྒལ་བར་མཇལ་ཁ་དང་བཀའ་སློབ་སྩལ་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དུ་ལ་དྭགས་ཡུལ་མི་དང་། བོད། ཐའེ་ཝན། ལྷོ་ཀོ་རི་ཡཱ། མ་ལེ་ཤི་ཡཱ། ཐའེ་ལེནྜ། སིངྒ་པུར། ཨིན་ཌོ་ནེ་ཤི་ཡཱ། རྒྱ་གར་བཅས་ཀྱི་དད་ལྡན་མཇལ་བཅར་བ་ཉིས་བརྒྱ་བརྒལ་བར་མཇལ་ཁ་བཀའ་དྲིན་སྩལ་ཡོད། མཇལ་ཁའི་སྐབས་སུ་དད་ལྡན་མི་མང་གིས་སོ་སོའི་བསམ་བློ་དང་། ཤེས་ཡོན། འཚོ་བའི་ཁྲོད་ཀྱི་དཀའ་ངལ་སོགས་ཀྱིས་མཚོན་པའི་དོགས་པ་མང་པོའི་ཐད་བཀའ་འདྲི་སྣ་ཚོགས་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་བཀའ་དྲིན་སྩལ་ཡོད། སྐབས་དེར་མཇལ་བཅར་བ་ཞིག་གིས་སློབ་སྦྱོང་སྐབས་སུ་སེམས་གཡེང་ནས་རྣལ་དུ་མི་གནས་པས་ཆོས་ཕྱོགས་ནས་ཅི་བྱེད་དགོས་པ་བཀའ་འདྲི་ཞུས་པར་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ན་ཕན་ཐོགས་ཡོད་པར་བཀའ་སྩལ་བ་དང་། ཡང་མཇལ་བཅར་བ་ཞིག་གིས་མི་ཚེའི་ནང་གལ་ཆེ་ཤོས་གང་ཡིན། ཞེས་ཞུས་པར། ༸གོང་ས་མཆོག་གིས། སེམས་པ་བཟང་པོ་བྱེད་དགོས་པ་དེ་རེད། ཅེས་བཀའ་གནང་ཡོད། མཇལ་བཅར་བ་ཞིག་ལ་དུས་རྒྱུན་སེམས་ཧ་ཅང་འཁྲུག་ནས་ཁོང་ཁྲོ་ཟ་ཆོག་ཆོག་ཡོད་འདུག་པར་བརྩེ་བ་ཡོད་ན་རླུང་ཡོད་ཀྱང་། ཡུན་རིང་པོར་སྡོད་ཀྱི་མ་རེད། ཅེས་ལམ་སྟོན་བཀའ་དྲིན་སྩལ་ཡོད།གཞན་ཡང་། མཇལ་ཁ་ཞུ་མཁན་ཞིག་གིས་དེང་གི་དུས་སུ་གཞོན་སྐྱེས་ཚོས་བདེ་སྐྱིད་ཡོང་བའི་ཆེད་དུ་ཕྱིའི་དངོས་པོ་ཁོ་ན་ལ་བསམ་བློ་གཏོང་གི་ཡོད་པས། ནང་བསམ་པའི་ཐོག་ནས་བདེ་སྐྱིད་ཡོང་བར་ཅི་ལྟར་བསམ་བློ་གཏོང་དགོས་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས། དེང་རབས་སློབ་གསོ་ནི་སྤྱིར་བཏང་ཕྱི་ལོག་གི་གནས་ཚུལ་རྐྱང་པ་མ་གཏོགས་བསམ་བློའི་སྐོར་བཤད་ཀྱི་མི་འདུག འོན་ཀྱང་ངོས་ཀྱིས་ངོ་ཤེས་པའི་ནང་སེམས་ཡར་རྒྱས་གཏོང་བའི་སྐོར་ལ་སྐད་ཆ་བཤད་མཁན་མང་པོ་ཡོང་གི་འདུག དེ་སྔ་འཛམ་བུ་གླིང་གི་ཕྱིའི་སྐོར་རྐྱང་ཤོད་སྡོད་མཁན་གྱི་ནང་དུའང་རིམ་བཞིན་ནང་བསམ་བློའི་བརྩེ་བའི་སྐོར་ལ་དོ་སྣང་སླེབས་བཞིན་འདུག ཅེས་དང་། སོ་སོས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རེད། གཞན་ཚོའང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་གྱུར་རེད་བསམ་ན་བརྩེ་བ་བྱེད་པ་ཡོང་གི་རེད། ང་ཚོ་ཆུང་ཆུང་སྐབས་ནས་ཨ་མས་བརྩེ་བ་བྱེད་པ་བཞིན་རེད། ཨ་མས་ཕྲུ་གུ་ལ་བརྩེ་བ་བྱེད་པ་ནི་སློབ་སྦྱོང་སྤྲད་པ་གང་ཡང་མ་རེད།...
ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀྭ་རར་རྒྱ་གར་ཧི་མཱ་ལ་ཡ་ནཱ་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༩ འཁོར་བའི་དུས་དྲན་མཛད་སྒོར་ཆོས་རིག་བཀའ་བ...
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༥ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀྭ་རར་རྒྱ་གར་ཧི་མཱ་ལ་ཡ་ནཱ་ལནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༩ འཁོར་བའི་དུས་དྲན་མཛད་སྒོའི་གོང་དུ་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་དང་། དཔལ་ཕུན་ཚོགས་ཆོས་འཁོར་གླིང་། ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀྭ་ར་བཅས་སུ་འཚམས་གཟིགས་གནང་ཡོད། དེ་ཡང་བཙུན་དགོན་གྱི་རྒྱལ་སྒོར་བཀྲ་ཤིས་ལྗོངས་ས་གནས་ལས་ཁུངས་ཀྱི་དྲུང་ཡིག་དང་རྩིས་པ། དེ་བཞིན་བཀྲ་ཤིས་ལྗོངས་ལག་ཤེས་བཟོ་གྲྭའི་འགན་འཛིན་བཅས་ནས་ཕེབས་བསུ་ཞུས་རྗེས་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་དུ་རྗེ་བཙུན་མ་བསྟན་འཛིན་དཔལ་མོ་ལགས་ནས་ཆོས་རིག་བཀའ་བློན་མཆོག་ལ་ཕེབས་བསུ་དང་སྦྲགས། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་སྐོར་བཀའ་བསྡུར་ལྷུག་པོ་གནང་གྲུབ་རྗེས་ཆོས་རིག་བཀའ་བློན་མཆོག་ནས་བཙུན་དགོན་འདུ་ཁང་དུ་མཆོད་མཇལ་ཞུས་ཏེ་དགོན་པའི་ཁོར་ཡུག་རྣམས་ལ་འཚམས་གཟིགས་སུ་ཕེབས།དེ་རྗེས་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དུ་འཚམས་གཟིགས་སུ་ཕེབས་སྐབས་དགོན་པའི་མཁན་པོས་ཕེབས་བསུའི་སྣེ་ལེན་དང་འབྲེལ་འདུ་ཁང་དུ་མཆོད་མཇལ་དང་དགོན་པའི་ཁོར་ཡུག་ལ་འཚམས་གཟིགས་སུ་ཕེབས་གྲུབ་བསྟུན་མི་མང་ཚོགས་ཁང་དང་། སྨན་ཁང་གསར་པ། ས་གནས་ལས་ཁུངས་བཅས་ལ་འཚམས་གཟིགས་སུ་ཕེབས་ཡོད། དེ་ནས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀྭ་རའི་འདུ་ཁང་དུ་མཆོད་མཇལ་ལ་ཕེབས་ཅིང་། བཤད་གྲྭའི་དཔེ་མཛོད་དང་ལས་ཁུངས་བཅས་ལ་འཚམས་གཟིགས་སུ་ཕེབས་རྗེས་མཛད་སྒོ་དབུ་འཛུགས་མ་གནང་བར་བཤད་གྲྭའི་མཁན་པོ་དང་ལྷན་དུ་དགོན་པའི་གནས་སྟངས་དང་འབྲེལ་བའི་ཐོག་ལ་བཀའ་བསྡུར་གནང་།དེ་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་པྲ་དེཤ་མངའ་སྡེའི་སྲིད་སྐྱོང་ཀ་བིཾ་དྲ་གུཔྟཱ་མཆོག་ཕེབས་ཏེ་སྐུ་མགྲོན་རྣམས་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་། དེ་ནས་དགེ་འདུན་པ་རྣམས་ནས་ཤིས་བརྗོད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ཚིག་གསུང་འདོན་གནང་། དེ་རྗེས་རྒྱ་གར་གཞུང་གི་སློབ་གྲྭ་ཆེ་བའི་སློབ་ཕྲུག་རྣམས་ནས་རྒྱལ་ཁབ་ཀྱི་གླུ་དབྱངས་དང་། ཁམས་པ་སྒར་འབྲུག་མཐོ་སློབ་དྷརྨ་ཀ་ར་སློབ་གྲྭའི་སློབ་ཕྲུག་རྣམས་ནས་ཕེབས་བསུའི་གླུ་དབྱངས་ལེན། དེ་ནས་སྡིང་ཆའི་སྟེང་དུ་སྐུ་མགྲོན་རྣམས་ལ་དཔུང་རྟགས་དང་དྲན་རྟེན་ཕྱག་རྟགས་སོགས་ཕུལ་གྲུབ་མཚམས། ཨ་རུ་ཎཱ་ཅལ་པྲ་དེཤ་མངའ་གཞུང་གི་ཁ་ཌི་དང་གྲོང་གསེབ་བཟོ་གྲྭའི་ལྷན་ཁང་གི་ཚོགས་གཙོ་དང་རྒྱ་གར་ཧི་མཱ་ལ་ཡ་ནཱ་ལནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་མཱ་ལིངྒ་གོཾ་བུ་ལགས་ནས་ཕེབས་བསུའི་གསུང་བཤད་གནང་།ཨཱ་ཅཱརྱ་རོ་ཤན་ལཱལ་ནེ་གཱི་ལགས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་རྗེས་རྒྱ་གར་རྒྱལ་ཡོངས་གུ་ཡངས་སློབ་གསོ་ལྟེ་གནས་གྱི་འགན་འཛིན་སྐུ་ཞབས་ཌོག་ཊར་རཱ་ཇཱིབ་ཀུ་མར་སིངྒ་ལགས་ནས་གསུང་བཤད་གནང་རྗེས་རྒྱ་གར་གཞུང་གི་གཞི་རིམ་སློབ་གྲྭ་སློབ་ཕྲུག་རྣམས་ནས་གནས་ཡུལ་སྲོལ་རྒྱུན་འཁྲབ་གཞས་གཟིགས་ཕུལ་རྗེས་མཛད་སྒོའི་ཆེ་བསྟོད་སྐུ་མགྲོན་ཆོས་རིག་བཀའ་བློན་མཆོག་ནས་ནཱ་ལནྡྲ་ནས་ཧི་མཱ་ལ་ཡ་བར་ནང་ཆོས་སློབ་གཉེར་གྱི་རྗེས་ཤུལ་རྒྱུན་སྲིང་ཞེས་པའི་མཛད་སྒོའི་བརྗོད་གཞི་ཐོག་གསུང་བཤད་གནད་དོན་སྙིང་བསྡུས་ནི། མཛད་སྒོ་འདི་བཞིན་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་མིའི་ཤེས་པའི་ཐོག་ལ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱལ་ཁབ་མི་རིགས་འདྲ་མིན་གྱི་དཔལ་ཡོན་དབར་འབྲེལ་བ་དམ་ཟབ་བསྐྲུན་པའི་ཟམ་པ་ཞིག་ལ་ངོ་འཛིན་གྱིས་དྲན་གསོ་ཞུས་པ་ཞིག་ཆགས་ཡོད། དེ་ནི་ལོ་རྒྱུས་ཀྱི་ཆ་ཤས་ཙམ་མ་ཡིན་པར། དུས་ད་ལྟའང་གནས་བཞིན་པའི་ཤེས་རབ་གྱི་འགྲུལ་བཞུད་ཞིག་ཡིན་སྐོར་གསུངས།དེ་བཞིན་ནཱ་ལནྡྲ་གཙུག་ལག་སློབ་གཉེར་ཁང་ནི་གོ་ལ་ཡོངས་ཀྱི་ཚད་མ་རིགས་པ་དང་། ལྟ་གྲུབ། དངོས་ཁམས་རིགས་པ་སོགས་སློབ་གཉེར་གནང་ས་ལྟེ་གནས་ཆེ་ཤོས་ཤིག་ཡིན་པ་དང་། གཙུག་ལག་སློབ་གཉེར་ཁང་དེས་སློབ་དཔོན་ཀླུ་གྲུབ་དང་། སློབ་དཔོན་ཟླ་བ་གྲགས་པ། སློབ་དཔོན་ཞི་བ་ལྷ་སོགས་མཁས་དབང་ཕུལ་དུ་བྱུང་བ་མང་པོ་བསྐྲུན་ཡོད་པ་དང་། སློབ་དཔོན་དེ་དག་གིས་དད་པ་ལས་ལུང་དང་རིགས་པའི་སྒོ་ནས་དངོས་པོའི་གནས་ལུགས་བརྟག་དཔྱད་བྱེད་དགོས་པ་གསུངས་པར་བརྟེན་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་བོད་ལ་གདན་ཞུས་ཀྱིས་ནང་ཆོས་ཐོག་མར་སྲོལ་གཏོད་པར་མཛད། དེ་སྔོན་བོད་བརྒྱུད་ནང་བསྟན་དེ་ནང་ཆོས་ངོ་མ་མིན་པར་བླ་མའི་ཆོས་ལུགས་རེད་ཅེས་སྐྱོན་བརྗོད་བྱུང་ཡོད་ནའང་། བཙན་བྱོལ་དུ་གྱར་རྗེས་བོད་བརྒྱུད་ནང་བསྟན་དེ་ནཱ་ལནྡྲའི་ལུགས་ཀྱི་ནང་པའི་ཐེག་པ་ཆེན་པོ་ལུགས་དྲི་མ་མེད་པ་ཡིན་པ་གསལ་པོ་ཆགས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ ༡༤...
བོད་མིའི་རང་སྲེག་ལས་འགུལ་ལ་ཨ་རི་དང་རྒྱལ་ཚོཊ་ཀྱི་མགྲིན་ཚབ་པས་གདུང་སེམས་མཉམ་སྐྱེད།
ཨ་རིའི་སིན་སི་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཨཕ་ཏབ་ པུ་རེ་ཝལ་ (Aftab Purewal) ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་མདུན་རང་སྲེག་ངོ་རྒོལ་གནས་མཁན་བོད་མི་བློ་དགའ་རང་བཙན་ལགས་ཀྱི་ནང་མི་དང་ཉེ་འབྲེལ་ལ་གདུང་སེམས་མཉམ་སྐྱེད་ཞུས་པ་དང་། ཨ་རིའི་སྲིད་དོན་ཚོགས་པ་གཉིས་དང་རྒྱལ་སྤྱིའི་ཐོག་ནས་ད་ལྟ་བོད་ནང་བྱུང་བཞིན་པའི་གནས་ཚུལ་ལ་དོ་སྣང་གིས་བོད་མི་དམངས་དང་མཉམ་དུ་ལངས་ཏེ་བློ་དགའ་ལགས་ཀྱི་འབོད་སྒྲར་གསན་དགོས་པའི་འབོད་སྐུལ་གནང་འདུག དེ་ཡང་སྤྱི་ཁྱབ་པ་ཨཕ་ཏབ་ པུ་རེ་ཝལ་ལགས་ཀྱིས་ཚེས་ ༦ ཉིན་རང་ཉིད་ཀྱི་ངོ་དེབ་སྟེང་གསལ་བསྒྲགས་ཤིག་སྤེལ་བའི་ནང་བོད་པ་ལས་འགུལ་བ་བློ་དགའ་རང་བཙན་ (བློ་བཟང་དཔལ་ལྡན་) ལགས་ཀྱི་ནང་མི་དང་ཉེ་འབྲེལ། དེ་བཞིན་ནིའུ་ཡོག་དང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་པའི་སྤྱི་ཚོགས་དང་མཉམ་དུ་གདུང་སེམས་མཉམ་སྐྱེད་ངང་མྱ་ངན་ཞུ་བཞིན་ཡོད། ཁོང་གི་སྐུ་སྲོག་ཤོར་བ་འདིས་རྒྱ་ནག་གཞུང་གི...
སིཌ་ནི་དང་མེལ་སྦོརཎ་ནང་ཟས་བཅད་ངོ་རྒོལ་དང་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་ངོ་རྒོལ་གནང་པ།
བློ་དགའ་རང་བཙན་ལགས་ཀྱི་ཆེད་དྲྭ་ཐོག་ནས་ལས་འགུལ་སྤེལ་འཆར་ཡོད་པ།
རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག
རྒྱ་ནག་གི་ས་ཁུལ་ཁག་ཅིག་ཏུ་ཆུ་ལོག་དང་ས་རུད་སོགས་རང་བྱུང་གོད་ཆག་བྱུང་སྟེ་མི་གྲངས་སྟོང་ཕྲག་མང་པོའི་འཚོ་བར་དོ་ཕོག་དང་ཁང་ཁྱིམ་སོགས་ལ་གཏོར་སྐྱོན་ཐེབས་འདུག The post རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག appeared first on བོད་ཀྱི་དུས་བབ།.
རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས།
རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་དོན་སྦྱོང་བརྡར་བྱས་ཡོད་སྟབས་ཨོ་གླིང་གཙོས་ཨེ་ཤ་ཡའི་རྒྱལ་ཕྲན་ཁག་གིས་རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་བརྟན་བརླིང་ལ་དོ་ཕོག་བཟོས་པར་སྐྱོན་བརྗོད་བྱེད་ཀྱིན་ཡོད་འདུག The post རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། appeared first on བོད་ཀྱི་དུས་བབ།.
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བསོད་ནམས་གླིང་མི་མང་ཚོགས་ཁང་དུ་མང་ཚོགས་ལ་གསུང་བཤད་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༠༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བསོད་ནམས་གླིང་མི་མང་ཚོགས་ཁང་དུ་མང་ཚོགས་ལ་གསུང་བཤད་གནང་ཡོད། དེ་ཡང་ཐོག་མར་ཉེ་ལམ་ཨ་རིར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་ནག་གིས་བོད་ཐོག་དམ་དྲག་ཤུགས་ཆེར་གཏོང་བར་ངོ་རྒོལ་ཆེད་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་ཀྱི་ཆེད་དུ་སྐར་མ་གཅིག་རིང་མྱ་ངན་གུས་འདུད་ཞུས་ཡོད།མཛད་སྒོའི་ཐོག་ལ་སྤྱི་བཀྲ་ཤིས་དོན་གྲུབ་ལགས་དང་། ས་གནས་ཁྲིམས་ཞིབ་པ་པདྨ་བཟང་པོ་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་སྐུ་ཐང་ཞིག་འབུལ་ལམ་ཞུས་རྗེས་ལ་སྤྱི་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གཞིས་ཆགས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་ཡོད། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་སྐབས་བོད་མི་མང་ཚོགས་ངོས་ནས་བསྐྱར་དུ་འོས་འདེམས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བསྟུན་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ལེགས་པར་མཇུག་སྒྲིལ་ཡོད་སྐོར་དང་། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱིས་ལས་འགུལ་དང་གོ་རྟོགས་གང་ལེགས་སྤེལ་བར་བསྔགས་བརྗོད་གནང་ཡོད།དེ་བཞིན་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་གསལ་སྟོན་གནང་ཞིང་། མགོན་པོ་གང་ཉིད་མཆོག་གི་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། བྱམས་བརྩེ་བཅས་ཀྱི་བསླབ་བྱ་དེ་ནང་པ་ཙམ་མ་ཟད། ཆོས་ལུགས་རིས་མེད་ལ་མ་ལྟོས་པར་འབྲེལ་བ་ཡོད་སྐོར་གསུང་པ་མ་ཟད། དེང་སང་འཛམ་གླིང་ཐོག་ནང་པའི་ལྟ་གྲུབ་དང་། ལྷག་པར་སཱི་ཤེས་ཡོན་ལྟ་བུའི་ལས་གཞི་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནི་འགྲོ་བ་མིའི་ཆེད་མེད་དུ་མི་རུང་བ་ཞིག་ཡིན་པ་ནན་བརྗོད་གནང་། གཞན་ཡང་བོད་མི་ཚོས་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངལ་འཛེམས་མེད་ཀྱིས་མཛད་རྗེས་ལ་རྟག་ཏུ་དྲན་དགོས་པའི་སྐུལ་མ་གནང་བ་དང་། རྒྱལ་སྤྱིའི་སྟེང་བོད་མིའི་སྒྲིག་འཛུགས་དང་བོད་དོན་ལ་ངོས་འཛིན་ཐོབ་པ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡིན་པ་གསུངས། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་འཕེལ་རིམ་དང་གལ་ཆེའི་རང་བཞིན་སྐོར་ངོ་སྤྲོད་གནང་སྟེ། དབུ་མའི་ལམ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་མི་མང་གི་རེ་འདུན་མཚོན་གྱི་ཡོད་པ་དང་། གཞན་ཡང་ཉེ་ལམ་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་གནང་བའི་བསྒྲགས་གཏམ་སྤེལ་བ་སོགས་བོད་ལ་རྒྱབ་སྐྱོར་བྱུང་ཡོད་སྐོར་དང་། ཉེ་ཆར་ཇར་མ་ནི་དང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བའི་བརྒྱུད་རྒྱ་ནག་གི་སྲིད་བྱུས་དང་འབྲེལ་བའི་སྐོར་བོད་དོན་ཞུ་གཏུག་རྒྱ་ཆེ་སྤེལ་བའི་སྐོར་འགྲེལ་བརྗོད་གནང་། དེ་བཞིན་བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་དང་ལས་གཞི་ཁག་ངོ་སྤྲོད་གནང་སྟེ་ཕྱི་རྒྱལ་དུ་བོད་དོན་ཞུ་གཏུག་ཤུགས་ཆེ་རུ་གཏོང་དགོས་གལ་སྐོར་གསལ་སྟོན་གནང་།དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་འཛམ་གླིང་ཐོག་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་སྐོར་ངོ་སྤྲོད་གནང་ཞིང་། རྒྱ་ནག་གི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་དང་དེའི་ལག་བསྟར་ཐོག་ཤེས་རྟོགས་དགོས་གལ་ཡིན་པ་གསུངས། རྒྱ་ནག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཞིག་དང་། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་གྲས་ཤིག་ཡིན་པས་འཛམ་གླིང་ཐོག་ཤུགས་རྐྱེན་ཆེན་པོ་ཡོད་པ་དག་ཤེས་དགོས་པ་དང་། བོད་རྒྱའི་དཀའ་རྙོག་དེ་ཞི་བའི་ལམ་ནས་སེལ་དགོས་པའི་ནན་བརྗོད་གནང་། མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་མང་ཚོགས་ནས་བོད་མིའི་སྒྲིག་འཛུགས་ལ་མུ་མཐུད་རྒྱབ་སྐྱོར་དང་། སྤྱི་ཚོགས་ནང་ཁུལ་མཐུན་སྒྲིལ་དགོས་པའི་སྐུལ་མ་གནང་གྲུབ་རྗེས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་། དེ་རྗེས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གླེ་བྱང་ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་གསར་པ་དབུ་འབྱེད་དང་། དེའི་འཛིན་སྐྱོང་དང་ཚོགས་མི་ལྷན་བཀའ་མོལ་གནང་།ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་བསོད་ནམས་གླིང་གཞིས་ཆགས་དང་། བོད་ཁྱིམ་སློབ་གྲྭའི་ཡན་ལག་སྨན་ལྷ་སློབ་གྲྭ། ཨག་གླིང་བོད་ཁྱིམ་ཡན་ལག་སློབ་གྲྭ་བཅས་སུ་འཚམས་གཟིགས་གནང་ཡོད།...
ཞབས་པུས་འཕྲོད་བཞེས་རྗེས་༧གོང་ས་མཆོག་གིས་ལ་དྭགས་སུ་མི་མང་ལ་མང་མཇལ་ཐོག་མར་བསྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལིར་ཞབས་པུས་འཕྲོད་བཞེས་ལེགས་གྲུབ་རྗེས་ལ་དྭགས་སུ་ཆིབས་སྒྱུར་བསྐྱངས་པའི་རྗེས་ཕྱི་ཟླ་ ༧ ཚེས་ ༧ ཉིན་མི་མང་ལ་མང་མཇལ་ཐོག་མར་གནང་ཡོད་ཅིང་། ལ་དྭགས་གཙོ་གཞུང་མངའ་སྡེའི་དྲུང་དཔོན་ཨ་ཤིཤ་ཀུན་ད་རཱ་གཙོས་ཕྱི་རྒྱལ་གནས་སྡོད་བོད་མི་དང་། ཕྱི་རྒྱལ་མི་རིགས། ཡང་རྒྱ་གར་བ། ལ་དྭགས་ཡུལ་མི་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་ལ་མཇལ་ཁ་བསྩལ་གནང་ཡོད་པ་རེད། ལ་དྭགས་གཙོ་གཞུང་མངའ་སྡེའི་དྲུང་དཔོན་ཨ་ཤིཤ་ཀུན་ད་རཱ་ལགས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པའི་རྗེས། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་སླེབས་པ་དང་མཉམ་ཞི་བདེ་དང་སྙིང་རྗེ་ཅན་གྱི་ཁོར་ཡུག་ཞིག་ཏུ་སླེབས་པའི་ཚོར་བ་དང་ལ་དྭགས་སུ་ཞི་བདེ་ཁྱབ་ཕྱིར་བྱམས་སྙིང་རྗེ་སྒོམ་དགོས་པའི་ཚོར་བ་སྐྱེས་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕ...
ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱིས་ངོ་རྒོལ་སྤེལ་འདུག
རང་ལུས་མེར་བསྲེགས་གནང་མཁན་བློ་དགའ་རང་བཙན་ལགས་ཀྱི་འབོད་ཚིག་དང་དགོས་འདུན་ཁག་བསྒྲགས་འདུག
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པའི་མཇུག་བསྡོམས་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ པའི་ཚེས་ ༥ ཉིན་གྱི་ཕྱི་དྲོ་བཞུགས་སྒར་ངྷ་རམ་ས་ལ་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པའི་ཉིན་མཐའ་མའི་ཐོག་གྲོས་ཆོད་གཏན་འབེབས་ཀྱི་ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་ཚོགས་ཆེན་མཇུག་བསྒྲིལ་གནང་སོང་། ཐེངས་འདིའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ཁག་མི་འདྲ་བ་ ༡༣ ཙམ་ནས་ཚོགས་བཅར་བ་གཞོན་སྐྱེས་ ༩༨ ཙམ་ཕེབས་ཡོད་འདུག སྐབས་དེའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་སྐུ་མགྲོན་དུ་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། རྒྱ་གར་ Konrad-Adenauer-Stiftung འགན་འཛིན་ལས་རོགས་ཨན་ཇ་ལི་རཝ་ཌ་ (Anjali Rawat) ལགས། ཇར་མན་གྲོས་ཚོགས་འཐུས་མིའི་ལས་ཁུངས་ཀྱི་ཇར་མན་དང་པོ་ལེནྜ་འབྲེལ་ལམ་ཐོག་མཁས་པ་སྐུ་ཞབས་ཇོ་ནཱསི་ ཀོ་ལེ་ཀི་ (Jonas Kolecki) ལགས། ཚོགས་ཆེན་གྱི་ཟབ་ཁྲིད་པ་ཨོ་གླིང་དུ་རྟེན་གཞི་བྱས་པའི་ཁྱེད་ཀྱི་ཐོན་རྫས་འདེམས་ཞེས་པའི་ཚོང་ལས་ཁང་གི་འགན་འཛིན་ཚེ་བརྟན་སྒྲོལ་མ་ལགས་བཅས་ཕེབས་འདུག མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན་གཙོ་བོ། སོ་སོའི་རྒྱལ་ཁབ་གཞན་གྱིས་བཙན་བཟུང་བྱས་པའི་མི་རིགས་ཤིག་ཡིན་ན། རང་གི་རིག་གཞུང་དང་། སྐད་ཡིག ངོ་བོ་བཅས་སྲུང་སྐྱོབ་བྱེད་པ་དང་། རང་དབང་བསྐྱར་གསོ་བྱེད་པའི་ཆེད་དུ་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལས་དོན་ཚན་ལྔའི་ཐོག་གལ་ཆེའི་ལས་དོན་རྣམས་བསྒྲུབ་དགོས་པའི་སྐོར་གསུངས་པ་དང་། དེ་ཡང་དོན་ཚན་དང་པོ། རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུན་འཛིན། བཙན་བཟུང་མཁན་གྱིས་རྒྱུན་དུ་བཙན་གནོན་འོག་ཡོད་པའི་མི་རིགས་ཀྱི་ངོ་བོ་བརླག་ཐབས་བྱེད་ཀྱི་ཡོད་པས། རང་གི་ཆོས་ལུགས། རིག་གཞུང་། གོམས་གཤིས།...
ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་དུ་འཚམས་གཟིགས་བསྐྱངས།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་དང་། ནང་སྲིད་དྲུང་ཚབ་ཚེ་རིང་གཡུ་སྒྲོན་ལགས། ནང་སྲིད་བྱང་ཤར་ཚན་པའི་འགན་འཛིན་དབུ་མ་འཕྲིན་ལས་ལགས་བཅས་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡ ནས་ ༡༩ བར་རྒྱ་གར་འབྲས་ལྗོངས་དང་། ནུབ་བངྒཱལ་མངའ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་བསྐྱངས་དང་སྐྱོང་མུས་ཡིན། དེ་ཡང་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཙམ་ལ་བྷག་གྲོ་ར་གནམ་ཐང་ནས་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་འབྱོར་རྗེས་ས་གནས་འགོ་འཛིན་ལས་ཁུངས་སུ་འཚམས་གཟིགས་དང་། ལས་བྱེད་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་སྲི་ཞུ་སྒྲུབ་ཕྱོགས་ཐད་ལམ་སྟོན་གསུང་བཤད་གནང་།ཕྱི་ཚེས་ ༣ ཉིན་གྲུབ་ཟིན་པའི་འཛུགས་སྐྲུན་ལས་གཞི་གཞིས་གྲོང་ ༤ པའི་སྤྱི་ཁང་དང་། ས་གནས་མཉམ་འབྲེལ་བཟོ་གྲྭ། དེ་བཞིན་ཀུན་ཕན་གླིང་གི་མི་མང་ཚོགས་ཁང་བཅས་དབུ་འབྱེད་གནང་རྗེས་མི་མང་ཚོགས་ཁང་དུ་ས་གནས་མི་མང་ལ་རྣམས་ལ་གསུང་བཤད་གནང་སྟེ། དྲི་བ་ཁག་ལ་བཀའ་ལན་གསལ་བཤད་ཞིབ་ཕྲ་གནང་། ཉིན་རྒྱབ་གཞིས་དགོན་ཐུབ་བསྟན་དར་རྒྱས་གླིང་དང་། གནས་ལུང་དགོན་པ། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། མཉམ་འབྲེལ་ལས་ཁུངས། ཡན་ལག་སྨན་རྩིས་ཁང་། ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས། ས་གནས་དྭང་ཟུར་ཚོགས་ཁང་། ས་འཐུས་ཚོགས་ཁང་། སཾ་བྷོ་ཊ་ཉིན་མོའི་སློབ་གྲྭ་བཅས་ལ་འཚམས་གཟིགས་གནང་།ཕྱི་ཚེས་...
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།
དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་མཚོན་སླད་དམ་པ་ཁོང་གི་ཁ་ཆེམས་ལྟར་བོད་རང་བཙན་སླར་གསོ་དགོས་པའི་འབོད་ཚིག་བསྒྲགས་ནས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་སོང་། The post བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ། appeared first on བོད་ཀྱི་དུས་བབ།.
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས།
དྭགས་ཀྱི་ཕོ་བྲང་ཞི་བའི་ཚལ་གྱི་གསུང་ཆོས་རྭ་བའི་ནང་༧གོང་ས་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་འཁྲུངས་སྐར་སྲུང་གཙི་ཞུས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་བྱམས་བརྩེའི་ལོ་མཇུག་སྒྲིལ་ཡོད་འདུག The post ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། appeared first on བོད་ཀྱི་དུས་བབ།.
ཐའེ་ཝན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ།
ཕྱི་ཟླ་ ༧ ཚེས་ ༦ ཉིན་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དམིགས་བསལ་ཉིན་མོ་ཞིག་རེད། རང་དབང་ལྡན་པའི་འཛམ་གླིང་ས་ཕྱོགས་ཁག་ནང་འཁྲུངས་སྐར་ལ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༧ ཚེས་ ༥ ཉིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་ཐའེ་པེ་གྲོང་ཁྱེར་གྱི་ཡོན་ཧྲན་གསོལ་མགྲོན་ཁང་ཆེན་མོར་༧གོང་ས་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུས་པ་འདི་ཡོངས་སུ་མཇུག་བསྒྲིལ་བའི་མཛད་སྒོ་གཟབ་རྒྱས་ཤིག་གཉེར་ཡོད་འདུག ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་མཛད་སྒོར་ཕེབས་པའི་གནད་ཡོད་མི་སྣ་ཁག་གི་ངོས་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་ཙམ་མ་ཟད། འདི་ནི་ཆོས་ལུགས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་། དེ་བཞིན་ཐའེ་ཝན་...
༧གོང་ས་མཆོག་གིས་དགུང་ལོ་ ༡༣༠ ལྷག་སྐུ་ཚེ་བརྟན་རྒྱུའི་རྟགས་མཚན་གཟིཊ་ཡོད་པ་བཀའ་གནང་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུག་ལྟར་དགུང་གྲངས་ ༩༡ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དེ་བཞིན་ལ་དྭགས་ཞི་བའི་འཚལ་གསུང་ཆོས་རྭ་བར་༧མགོན་པོ་མཆོག་གིས་དབུ་བཞུགས་ཐོག་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧གང་ཉིད་དགུང་ལོ་ ༡༣༠ ལྷག་བཞུགས་རྒྱུའི་གཟིམས་ལམ་དེ་འདྲ་བྱུང་ཡོད་པ་དང་རྒྱ་ནག་ནང་དུ་ནང་ཆོས་དར་ཁྱབ་ཆེན་པོ་འགྲོ་རྒྱུའི་ཐུགས་སྨོན་གནང་གི་ཡོད་པ་བཀའ་སློབ་ཕེབས་ཡོད་པ་རེད། དབུས་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་འཁྲུངས་སྐར་གསུང་བཤད་སྒྲོག་སྦྱང་ཞུས་པའི་ནང་། འདས་པའི་ལོ་གཅིག་འདི་༧རྒྱལ་བའི་གོ་སྟོན་སྲུང་བརྩི་ཞུས་པར་དེའི་ཁྲོད་ལས་རིམ་འདྲ་མིན་སྤེལ་བ་དག་སྙན་སེང་ཞུས་སོང་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དེ་བཞིན་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ...
༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༩༡ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོ་འཚོགས་སོང་། The post ༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས། appeared first on བོད་ཀྱི་དུས་བབ།.
ལ་དྭགས་སུ་༸གོང་ས་མཆོག་དབུ་བཞུགས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་༸གང་ཉིད་མཆོག་དགུང་ལོ་ ༡༣༠ ལྷག་སྐུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ།
དེ་རིང་ཕྱི་ཟླ་ ༧ ཚེས་ ༦ ཉིན་མོ་དེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༡ ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་ཡིན་པ་ལྟར། དེ་རིང་ལ་དྭགས་ཀྱི་རྒྱལ་ས་གླེ་ནང་ཆགས་པའི་ཞི་བའི་ཚལ་ཕོ་བྲང་གི་ཐང་ཆེན་ཐོག་ཕྱི་ནང་མང་ཚོགས་སྟོང་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་དགའ་དད་སྤྲོ་གསུམ་ངང་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ་མ་ཟད། ༸གོང་ས་མཆོག་གིས་སྐབས་དེར་ས་གནས་འདི་ལྟ་བུར་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་༸གང་ཉིད་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་གསོལ་འདེབས་ཞུ་བཞིན་པ་བཞིན། མགོན་པོ་༸གང་ཉིད་མཆོག་ནས་ཀྱང་འཛམ་གླིང་ཡོངས་ལ་མིག་ལྟོས་བཟང་པོ་ཞིག་ཡོང་རྒྱུ་ཐུགས་སྨོན་དང་འབྲེལ། དགུང་ལོ་ ༡༣༠ ལྷག་སྐུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་གནང་སོང་། དེའང་༸གོང་ས་མཆོག་དེ་རང་སྔ་དྲོ་ཆུ་ཚོད་ ༨།༤༠ ཙམ་གྱི་ཐོག་ལ་དྭགས་ཡུལ་མི་སོགས་དད་ལྡན་སྟོང་ཕྲག་མང་པོས་རུ་སྒྲིག་གིས་དཀར་གཙང་མཇལ་དར་དང་མེ་ཏོག བདུག་སྤོས་ཐོག་ནས་ཕེབས་བསུ་གཟབ་རྒྱས་དང་བཅས་མཛད་སྒོའི་ཚོམས་ཆེན་དུ་ཞབས་སོར་འཁོད་རྗེས། ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱི་དབུ་ཁྲིད་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆེས་མཐོའི་ཁྲིམས་ཞིབ་པ་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག གཞན་ཡང་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་དང་། ཐུགས་སྲས་རིན་པོ་མཆོག་བཅས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་མཛད་སྒོ་དབུ་འཛུགས་གནང་སོང་། དེ་རྗེས་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཚེ་རིང་རྡོ་རྗེ་ལགས་ཀྱིས་ལ་དྭགས་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་ལ་འཁྲུངས་སྐར་འཚམས་འདྲི་དང་། ༸གོང་ས་མཆོག་ཉེ་ལམ་ཞབས་པུས་སྨན་བཅོས་མཛད་ནས་ཉིན་རེ་བཞིན་༸སྐུའི་འཕྲོད་བཞེས་ཡར་རྒྱས་བྱུང་བར་དགའ་སྤྲོ་དང་། སྔར་ལམ་བཞིན་གསུང་ཆོས་རྭ་བ་དེའི་ནང་༸གོང་ས་མཆོག་གི་དྲུང་ནས་བཀའ་སློབ་དང་བཀའ་ཆོས་ཡང་བསྐྱར་ཐོབ་པའི་རེ་བ་ཡོད་སྐོར་གསུངས་སོང་། ལྷག་པར་དེ་རིང་གི་མཛད་སྒོ་དེའི་སླད་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་མཛད་གཙོ་རྣམ་པ་ཆེད་མངགས་ལ་དྭགས་སུ་ཆེད་ཕེབས་གནང་བ་ལྟར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་སྐད་ཐོག་བཀའ་ཤག་གི་གསུང་འཕྲིན་ནང་གཙོ་བོ་འདས་པའི་ལོ་གཅིག་རིང་བཀའ་ཤག་ངོས་ནས་རྒྱལ་སྤྱིའི་ཡུལ་གྲུ་གང་སར་༸རྒྱལ་བའི་གོ་སྟོན་གྱི་ལོ་དེ་བྱམས་བརྩེའི་ལོར་སྲུང་བརྩི་གཟབ་རྒྱས་ཞུས་པའི་ལས་གཞི་ཆེ་གྲས་ཁག་སྙན་སེང་ཞུས་པ་དང་འབྲེལ། བོད་མི་རྣམས་ཀྱིས་བྱམས་བརྩེའི་ལོ་འཁོར་འདི་ལོ་ཡུན་གཅིག་ནང་རྫོགས་འགྲོ་བ་ཞིག་ལ་ངོས་འཛིན་མི་བྱེད་པར། སོ་སོའི་ཁྱིམ་ཚང་ནས་འགོ་བཙུགས་ཏེ མི་རེ་ངོ་རེས་ཉིན་ཟླ་ལོ་བརྩེགས་ཀྱིས་མི་ཚེ་ཧྲིལ་པོར་ཉམས་ལེན་ལ་འབད་འབུངས་ཡོང་བའི་རེ་སྐུལ་ཞུས་གནང་སོང་། སྤྱིར་སྲིད་སྐྱོང་མཆོག་གིས་དེ་རིང་གི་དུས་ཚིགས་དེའི་ཐོག་དབྱིན་སྐད་ནང་འཁྲུངས་སྐར་གྱི་འཚམས་འདྲི་དང་༸སྐུའི་མཛད་རྗེས་ཁག དེ་བཞིན་བྱམས་བརྩེ་ལོའི་ལས་གཞི་སྐོར་མ་གཏོགས་ཆབ་སྲིད་སྐོར་གང་ཡང་གསུངས་མེད་ཀྱང་། དེ་རིང་གི་དུས་ཚིགས་དང་འབྲེལ་བའི་བཀའ་ཤག་གི་གསུང་འཕྲིན་ནང་ཉེ་ལམ་རྒྱལ་ཚོགས་ཀྱི་མདུན་དུ་རང་གི་སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་དབུས་ད་བར་བོད་ནང་བོད་མི་ ༡༥༧ ཙམ་གྱི་དེ་ལྟ་བུའི་ལས་འགུལ་སྤེལ་བ་ལུང་འདྲེན་དང་འབྲེལ། བཀའ་ཤག་ངོས་ནས་རྒྱ་གཞུང་གིས་ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་ནས་ལག་བསྟར་འགོ་འཛུགས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག་ཟེར་བར་དམིགས་པའི་ཐབས་ཇུས་འཆར་སྒྲིག་བྱེད་འགོ་ཚུགས་པ་དང་། གཞིས་བྱེས་བོད་མི་ཡོངས་ནས་དེར་བསྟུན་གྱི་གདོང་ལེན་བྱེད་དགོས་པའི་སྐུལ་མ་གནང་བ་མ་ཟད།...
རྒྱ་གར་གྱི་སྲིད་བློན་མོ་རྡི་དབུས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཆེ་ཁག་ནས་༸རྒྱལ་བའི་འཁྲུངས་སྐར་ཉིན་མོར་འཚམས་འདྲི།
དེ་རིང་ཕྱི་ཟླ་ ༧ ཚེས་ ༦ ཉིན་མོ་དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་སྐལ་བཟང་དུས་ཚིགས་ཤིག་ཡིན་པ་དང་བསྟུན། རྒྱ་གར་གྱི་སྲིད་བློན་མོ་རྡི་མཆོག་གི་དབུས་པའི་མངའ་སྡེ་འདྲ་མིན་གྱི་བློན་ཆེན་རྣམ་པ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ། ཐའེ་ཝན་གྱི་སྲིད་འཛིན་སོགས་རྒྱལ་སྤྱིའི་དབུ་ཁྲིད་ཆེ་ཁག་དང་གྲོས་ཚོགས་འཐུས་མི་རྣམས་ནས་༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་དང་འབྲེལ། ༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ་དང་ཞུ་མུས་རེད་འདུག དེ་ཡང་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་གིས་དེ་རིང་ X སྤྱི་ཚོགས་དྲྭ་ལམ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གི་ཞི་བདེ་དང་མཐུན་སྒྲིལ་གྱི་བཀའ་སློབ་ནི་གོ་ལ་ཡོངས་ཀྱི་མི་མང་ལ་ལམ་སྟོན་གྱི་ནུས་པ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་། ༸གང་ཉིད་ཀྱི་བཟང་སྤྱོད་དང་ཆོས་ཕྱོགས་ཀྱི་མཐུ་སྟོབས། དེ་བཞིན་འཛམ་གླིང་སྤྱིའི་དགེ་རྩར་ཕན་པའི་ཐུགས་སྐྱེད་ནི་ཤིན་ཏུ་བསྔགས་བརྗོད་འོས་པ་ཡིན་པ་བཅས་གསུངས་ཏེ། མགོན་པོ་མཆོག་བདེ་ཐང་ངང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་སྐྱོན་བཞིན་ཡོད་པ་གསུངས་འདུག དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་ Riley M. Barnes ལགས་ཀྱིས། ༸སྐུའི་འཁྲུངས་སྐར་ཉིན་མོར་འཚམས་འདྲི་དང་ཁོང་རང་ཉིད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཡིན་པའི་ཆ་ནས་ཁོང་གིས་མུ་མཐུད་བོད་མི་རྣམས་ཀྱི་གཞི་རྩའི་རང་དབང་དང་། བོད་མིའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་སྲུང་བརྩི་དང་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་དང་རེ་འདུན་ལ་རྒྱབ་སྐྱོར་ཡོད་པ་གསུངས་འདུག དེ་བཞིན་ཨ་རིའི་རྒྱ་ནག་ཐོག་གི་ལས་དོན་ཚོགས་ཆུང་གི་ཟུང་སྦྲེལ་ཚོགས་གཙོ་ Christopher Smith ལགས་ཀྱིས། ༸གང་ཉིད་མཆོག་གིས་༸སྐུ་ཚེ་ཧྲིལ་པོར་བྱམས་སྙིང་རྗེ་དང་། ཞི་བདེ། འགྲོ་བ་མིའི་ཆེ་མཐོང་། དེ་བཞིན་ཆོས་དད་རང་དབང་ཆེད་མཛད་རྗེས་ཆེན་པོ་འཇོག་གནང་མཛད་པ་དེས་འཇིག་རྟེན་འདིའི་ནང་གི་མི་མང་ས་ཡ་དུ་མར་སེམས་འགུལ་ཐེབས་སུ་བཅུག་ཡོད་པ་གསལ་སྟོན་གནང་ཐོག བོད་མི་མང་དང་ཁོང་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་བློ་བརྟན་འགྱུར་མེད་ཀྱི་དབུ་ཁྲིད་ཅིག་དང་། རྒྱུན་སྐྱོང་གི་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་བཞིན་པ་གསུངས་འདུག ཕྱོགས་མཚུངས་ཐེ་ཝན་གྱི་སྲིད་འཛིན་ Lai Ching-te...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་དུ་༸སྐུའི་འཁྲུངས་སྐར་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་ལ་དྭགས་ནང་པ་ཚོགས་འདུ་དང་ལ་དྭགས་དགོན་སྤྱི་ཚོགས་པ། དབུས་བོད་མིའི་སྒྲིག་འཛུགས་བཅས་ཀྱིས་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རྭ་བར་༸སྐུའི་འཁྲུངས་སྐར་གཟབ་རྒྱས་སྲུང་བརྩི་ཞུས་པར་མགོན་པ་གང་ཉིད་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད། དེ་ཡང་བོད་ཟླ་ ༥ ཚེས་ ༢༡ གཟའ་སྐར་དགེ་འཛོམས་ཉིན་གྱི་ཐོག་མར་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཞིང་གཟིགས་པ་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་ཐོག་མར་ལ་དྭགས་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་རྣམ་རྒྱལ་གྲྭ་ཚང་གི་གསུང་ཞབས་རྣམས་ནས་དཔལ་རྡོ་རྗེ་འཛིགས་བྱེད་ཀྱི་བདག་བསྐྱེད་དང་། གསེར་བཞུར་མ། དཔལ་ལྡན་ལྷ་མོ་དང་བརྟན་མའི་གསུང་ཆོག་བསྟོད་པ་སོགས་གསུངས་འདོན་གནང་ཞིང་། ཆུ་ཚོད་ ༧ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དགེ་འཕེལ་གླིང་གི་གཟིམ་ཆུང་ནས་ཚོམས་ཆེན་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་འཁྲུངས་རབ་གསོལ་བཅས་གསུང་མུར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང་། ཡབ་གཞིས་སྐུ་འཁོར་རྣམ་པ་དང་། ཡིག་ཚང་དྲུང་ཆེ་བཅས་ནས་མཇལ་ཁ་ཞུས། བརྟན་མའི་སྐུ་རྟེན་མཁའ་འགྲོ་ལགས་དང་ཆོག་གྲྭ་རྣམས་ནས་ཚེ་རྫས་ཕུལ་ཏེ། འཁྲུངས་ལྷ་འཁྲུངས་གསོལ་གྱི་ཞལ་འདོན་རྣམས་རིམ་པར་གསུང་པ་དང་། གཏང་རག་མཆོད་བསྟོད་སོགས་གསུང་འདོན་གྱིས་ཕོ་བྲང་ནང་འཁྲུངས་ལྷ་དབྱར་གསོལ་གྱི་མཛད་རིམ་ལེགས་པར་གྲུབ་ཡོད་པ་རེད། ཆུ་ཚོད་ ༨།༤༠ ཙམ་ལ་ལ་དྭགས་ནང་པ་ཚོགས་འདུའི་དབུ་སྐྱོང་དང་ལ་དྭགས་དགོན་སྤྱི་ཚོགས་པའི་ཚོགས་གཙོ། ལ་སྤྱི་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་གདན་ཞུ་དང་བཅས་ཞི་བའི་ཚལ་དུ་ཆིབས་བསྒྱུར་བསྐྱངས་ཤིང་། ལྡིངས་ཆའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལ་དྭགས་ཡུལ་གྱི་གནད་ཡོད་མི་སྣ་སོགས་ཀྱིས་ཕེབས་བསུ་དང་བཅས་བཞུགས་ཁྲིར་༸འཁོད་མཚམས་ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་ཚེ་རིང་རྡོ་རྗེ་ལགས་དང་། དགོན་སྤྱི་ཚོགས་པའི་ཚོགས་གཙོ་དགེ་བཤེས་བློ་བཟང་བཀྲ་ཤིས་ལགས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཁྲི་རྩེ་རིན་པོ་ཆེ་མཆོག་དང་ཐུགས་སྲས་རིན་པོ་ཆེ་མཆོག་གིས་མཇལ་ཁ་ཞུས། ནང་ཚོགས་དབུ་སྐྱོང་གིས་ཕེབས་བསུའི་གསུང་བཤད་དང་༸གོང་ས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་འགྲེམས་སྟོན་ཁང་གིས་ཞི་བདེའི་སྐྱེས་མཆོག་ (Man of Peace) ཅེས་༸གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བསྟན་འགྲོར་སྨན་པའི་མཛད་པ་རྣམ་ཐར་དང་ཕྱི་རབས་པའི་དོན་དུ་མཛད་འཕྲིན་བསྐྱངས་པར་གཞི་བཅོལ་བའི་འགུལ་བརྙན་དྲ་ཐོག་ནས་དབུ་འབྱེད་གནང་ཞིང་། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་འབྲེལ་འདས་པའི་ལོ་གཅིག་གི་རིང་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་དང་།...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྦྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་ ༩༡ ལ་ཕེབས་པའི་གཞུང་འབྲེལ་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཆེ་ཕྲ་དང་། དྷ་ས་ཁུལ་གནས་སྡོད་སེར་སྐྱ་མི་མང་སོགས་ནས་ལུས་ལ་ན་བཟའ་གཟབ་མཆོར་ལེགས་པར་སྤྲས་ཏེ་བཞུགས་སྒར་ལྷ་རྒྱལ་རིར་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང་། དར་ཆེན་ཁག་ལ་ན་བཟའ་སྒྲོན་འབུལ་དང་ཆབས་ཅིག་ཁྲོ་བོ་ཁམས་གསུམ་དབང་འདུས་དང་། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཞི་གྲས་རྒྱགས་རྔན་ལྷ་བསངས་དང་། གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་བཞི་གྲས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་ཆེད་བསང་མཆོད་གཟབ་རྒྱས་དང་ལྷན་ཞལ་འདོན་གསུང་འདོན་སྐབས་མང་ཚོགས་རྣམས་མཉམ་ཞུགས་ཀྱིས་བསྟན་སྲུང་རྣམས་ལ་གཏང་རག་ཕུལ་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བཞེད་ལྷུན་འགྲུབ་དང་། བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བའི་འཕྲིན་བཅོལ་གསོལ་འདེབས་གནད་སྨིན་གནང་མཐར་ལྷ་རྒྱལ་རིའི་སྲུང་མ་དམར་ནག་གཉིས་ཀའི་མདུན་ཐང་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་ཚང་མས་སྒྲ་དབྱངས་གཅིག་འགྱུར་ཐོག ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། ཞེས་འབྲུག་སྒྲ་གྲགས་པ་ལྟར་ལན་གསུམ་འཐེན་རྗེས་སྔ་དྲོའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གྲུབ།དེ་ཡང་དངོས་གཞི་གཞུང་འབྲེལ་མཛད་སྒོ་སྔ་དྲོ་ཚུ་ཆོད་ ༩།༥༥ ཐོག་སྐུ་མགྲོན་གཙོ་བོ་ཀངྒ་རཱ་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཻ་ར་བཱ་ (Dr. Hemraj Bairwa) མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་ཕེབས་འབྱོར་བྱུང་མཚམས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་ཀངྒ་རཱ་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཻ་ར་བཱ་ (Dr. Hemraj Bairwa) མཆོག་དང་། དཔལ་ལྡན་སྲིད་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་རྣམ་གཉིས་ནས་བོད་དང་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་དང་འབྲེལ། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ་བླངས།དེ་ནས་དཔལ་ལྡན་སྲིད་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ། བཀའ་བློན་ལས་ཟུར་རྣམ་པ། ཡབ་གཞིས་སྐུ་འཁོར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པས་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུ་བཞིན་པར། བོད་ཀྱི་ཟློས་གར་ཚོགས་པས་དྲུག་ཅུའི་དབྱངས་ལྡན་ཞེས་པའི་མཉམ་གཞས་འབུལ་སྐབས་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། དྷ་ས་ས་གནས་འགོ་འཛིན་གྱི་གོ་སྒྲིག་འོག་རྟེན་འབྲེལ་མཚོན་བྱེད་དུ་མངར་ཟས་ཀེག་ (Cake) མཐུན་འགྱུར་གནང་བ་དེ་བཞིན་འདེགས་འབུལ་ཞུས་ཡོད།དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་༸གོ་སྟོན་མཆོད་དབྱངས་འབུལ་ལམ་ཞུས་རྗེས་སྐུ་མགྲོན་གཙོ་བོ་ཀངྒ་རཱ་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཻ་ར་བཱ་ (Dr. Hemraj Bairwa) མཆོག་གིས་ཞབས་ལོ་ ༢༥ འཁོར་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ ༥ ལ་ཕྱག་འཁྱེར་དང་མཇལ་དར་དང་། དེ་བཞིན་དཔལ་ལྡན་སྲིད་ཚབ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་གཉིས་ལ་གཟེངས་རྟགས་ཕྱག་འཁྱེར་གནང་གྲུབ་མཚམས་བོད་ཀྱི་ཟློས་གར་ཚོགས་པས་ནང་མ་༸རྒྱལ་བའི་བརྟན་བཞུགས་ཞེས་པ་གཟིགས་འབུལ་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་དཔལ་ལྡན་ལགས་ནས་རྐྱང་གཞས་བཀྲ་ཤིས་གོ་སྟོན་ཞེས་པ་གཟིགས་འབུལ་ཞུས་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དང་། དཔལ་ལྡན་སྲིད་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་རྗེས་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ནས་མདོ་སྨད་བླ་བྲང་གི་སྐོར་བྲོ་གཟིགས་འབུལ་དང་བོད་ཀྱི་ཟློས་གར་ཚོགས་པས་འཁྲབ་གཞས་མདོ་སྨད་བྲག་དཀར་གནས་རི་ཞེས་པ་གཟིགས་འབུལ་ཞུས།དེ་ནས་སྐུ་མགྲོན་གཙོ་བོ་སྐུ་མགྲོན་གཙོ་བོ་ཀངྒ་རཱ་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཻ་ར་བཱ་...
སྲི་ཞུའི་ལས་བྱེད་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༦ ཉིན་ཏེ་༸སྐུའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལས་བྱེད་དྲུག་ལ་སྐུ་མགྲོན་གཙོ་བོ་ཀངྒ་རཱ་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཻ་ར་བཱ་ (Dr. Hemraj Bairwa) མཆོག་གིས་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་གནང་ཡོད།༡། ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་རྣམ་རྒྱལ་ཁང་འཇིགས་མེད་རྣམ་རྒྱལ་ལགས་ནི། ཕྱི་ལོ་ ༢༠༠༡ ཟླ་བ་ ༠༤ ཚེས་ ༡༩ ནས་ཤེས་རིག་ལས་ཁུངས་ཀྱི་ཆོད་ལྟའི་དྲུང་ལས་སུ་ལས་འགན་བཀོད་སྒྲིག་གནང་བ་དང་། ཕྱི་ལོ་ ༢༠༠༡ ཟླ་བ་ ༡༡ ཚེས་ ༠༥ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་བཀའ་དྲུང་ཡིག་ཚང་གི་བཀའ་ཁྲི་མཆོག་གི་སྒེར་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༥ ཟླ་བ་ ༡༢ ཚེས་ ༡༩ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་དང་འབྲེལ་ལས་འགན་རང་འཇགས་སུ་བསྐོ་གཞག ཕྱི་ལོ་ ༢༠༡༠ ཟླ་བ་ ༡༠ ཚེས་ ༡༨...


























