Tibetan
ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་བདེ་སྐྱིད་གླིང་དང་། ཁམས་གླིང་ཚང་གཞིས་མི་རྣམས་ལ་གསུང་བཤད་གནང་བ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༧ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་སྡེ་ར་ལྡུན་བདེ་སྐྱིད་གླིང་ས་གནས་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ་དང་། དེ་རྗེས་ཁམས་གླིང་ཚང་གཞིས་ཆགས་སུ་ཁྱབ་ཁོངས་དགོན་སྡེ་ཁག་དང་། སྡེ་ཚན་ཁག་ལ་འཚམས་གཟིགས་རྗེས་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བདེ་སྐྱིད་གླིང་པོ་ཏ་ལའི་ཚོགས་ཁང་ནང་མི་མང་རྣམས་ལ་གསུང་བཤད་ཀྱིས་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། ཆོས་རིག་བཀའ་བློན་མཆོག་ནས་ད་རེས་ས་གནས་སུ་བཅར་དོན་གཙོ་བོ་ནི་བཀའ་ཤག་སྐབས་ ༡༧ པའི་ཆོས་རིག་བཀའ་བློན་གྱི་ཐུགས་ཁུར་བཞེས་ཏེ་དབུ་ཁྲིད་བླ་ཆེན་ཁག་ལ་འཚམས་འདྲིའི་མཇལ་ཁ་ཞུ་རྒྱུ་དང་། འཛིན་སྐྱོང་གི་ལས་དོན་རྣམས་ལམ་ལྷོངས་ཡོང་ཕྱིར་ཐུགས་སྨོན་སྐྱབས་འཇུག་གསོལ་འདེབས་ཞུ་རྒྱུ། ས་གནས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་དང་། གཞུང་དང་གཞུང་ཁོངས་མིན་པའི་སྡེ་ཚན་ཁག་ལ་འཚམས་གཟིགས་དང་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྒྱུ་བཅས་ངོ་སྤྲོད་གནང་།དེ་ནས་བཀའ་ཤག་སྐབས་ ༡༧ བཀའ་བློན་རྣམ་པའི་སྒྲུབ་ཆ་ངོ་སྤྲོད་དང་། སྤྱི་ཡོངས་ཀྱི་ལས་དོན་ཞུ་ཕྱོགས་དང་ཆབ་སྲིད་ལངས་ཕྱོགས་སྙིང་བསྡུས་ངོ་སྤྲོད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ། ༸གོང་ས་མཆོག་ཐུགས་བསུན་བཟོ་མི་དགོས་པ་དང་། གཞིས་ལུས་མི་མང་བློ་ཕམ་མི་དགོས་པ་བཟོ་རྒྱུ། དེ་བཞིན་ད་ལྟའི་བཀའ་ཤག་གི་ལས་དོན་ཡོངས་རྫོགས་ཁྲིམས་སྒྲིག་གཞིར་བཟུང་དང་། ནུས་པ་མཉམ་སྤུངས་ཐོག་གནང་རྒྱུ། ༸གོང་ས་མཆོག་གི་༸སྐུའི་ཉེན་སྲུང་ཞུ་སྒོ་རྒྱ་གར་གཞུང་དང་ཟུང་སྦྲེལ་ཐོག་སྔར་ལྷག་དམ་དོན་ཞུ་རྒྱུ། ༸རྒྱལ་བའི་ཡང་སྲིད་གནད་དོན་ཐོག་ཨ་རི་གཙོས་པས་རྒྱལ་ཁབ་གྲངས་ ༣༨ ནས་རྒྱབ་སྐྱོར་ཐོབ་པ་བཞིན་མུ་མཐུད་རྒྱབ་སྐྱོར་ཐོབ་ཐབས་ཞུ་རྒྱུ། འཛིན་སྐྱོང་ངོས་ནས་མང་གཙོ་ཀ་བ་གཞན་གཉིས་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་ལ་འགན་དབང་ཆ་བགོས་ལྟར་ཆེ་མཐོང་ལྡན་པའི་སྒོ་ནས་འབྲེལ་བ་ཞུ་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་ནི་གྲོས་ཚོགས་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཚན་རྟགས་འགོད་པར་ཤར་བསྐྱོད་བྱ་རྒྱུ། གཞུང་ཁོངས་མིན་པའི་ཚོགས་པ་ཁག་ལ་ཆེ་མཐོང་དང་ལས་དོན་ལ་ཐེ་བྱུས་མི་བྱ་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་གློག་འཕྲུལ་ཡིག་ཚགས་དང་གྲངས་འཛིན་དཔེ་མཛོད་སོགས་དེང་དུས་དང་མཐུན་པའི་འཕྲུལ་ཆས་ཀྱི་དུས་ཚོད་དང་མཉམ་དུ་བསྐྱོད་ཐུབ་པའི་གོམ་པ་མདུན་སྤོས་བཅས་ཀྱི་ཐོག་ལ་ཕྱག་ལས་གནང་བཞིན་པ། བོད་ཀྱི་ན་གཞོན་རྣམས་འགོ་ཁྲིད་གསོ་སྐྱོང་དང་ཐུག་འཕྲད་ཀྱིས་ཆབ་སྲིད་ལས་དོན་སྤེལ་ཕྱོགས་ཐོག་ལ་ལམ་སྟོན་གནང་རྒྱུ་གལ་ཆེན་པོ་ཡིན་པ།...
མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།
ནང་སྲིད་བཀའ་བློན་མཆོག་གིས་ད་ལྟའི་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཀྱིས་ད་སྔ་བར་མཉམ་འབྲེལ་ལ་འཕྲད་པའི་དཀའ་ངལ་ཁག་ལ་ཕྱིར་མིག་བལྟས་ཏེ། མ་འོངས་པར་ཡར་རྒྱས་ཀྱི་གོམ་ཁ་སྤོ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་། The post མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས། appeared first on བོད་ཀྱི་དུས་བབ།.
བོད་མིའི་མཉམ་འབྲེལ་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཐེངས་༢༥པ་དབུ་འཛུགས་གནང་།
ཕྱི་ལོ་༢༠༢༦ཟླ་༨ཚེས་༢༧ཉིན།གཞིས་ཆགས་ཁག་གི་མཉམ་འབྲེལ་དག་ཡར་རྒྱས་སྲ་བརྟན་དང་། འཛིན་སྐྱོང་ཚགས་ཚུད་ཡོང་ཆེད།གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་དང་། དྷ་ས་མཉམ་འབྲེལ་གྱི་གོ་སྒྲིག་འོག བོད་མིའི་མཉམ་འབྲེལ་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཐེངས་༢༥པ་དབུ་འཛུགས་གནང་སོང་། ཐེངས་འདིའི་ཚོགས་ཐོག་ཏུ་རྒྱ་གར་རྒྱལ་ཡོངས་ས་གནས་ཁག་༡༥ ནས་བོད་མིའི་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་༡༥ དང་། དྲུང་ཆེ་༡༥ The post བོད་མིའི་མཉམ་འབྲེལ་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཐེངས་༢༥པ་དབུ་འཛུགས་གནང་། appeared first on བོད་ཀྱི་བང་ཆེན།.
བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༢༥ དབུ་འབྱེད་མཛད་སྒོ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༧ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་དྷ་ས་མཉམ་འབྲེལ་གཉིས་ཐུན་མོང་གི་གོ་སྒྲིག་འོག་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༢༥ དེ་བཞིན་བཞུགས་སྒར་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་དབུ་འབྱེད་གནང་ཡོད་ཅིང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོར་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས་ལགས་དང་སྤྱི་ཁྱབ་འགན་འཛིན་ནོར་བུ་ཚེ་རིང་ལགས། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་གཙོ་དང་དྲུང་ཆེ་རྣམ་པ་བཅས་མཉམ་འཛོམས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་རྣམས་ཚང་འཛོམས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་གྲུབ་རྗེས་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་རྗེས་རིམ་བཞིན་དམིགས་བསལ་སྐུ་མགྲོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས་ལགས་ནས་སྐུ་པར་ལ་མཇལ་དར་སྒྲོན་འབུལ་ཞུས་ཡོད། དེ་ནས་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་གཙོས་རྒྱལ་གཅེས་པ་རྣམས་ཀྱི་རྗེས་དྲན་ཆེད་སྐར་མ་གཅིག་རིང་ངག་བཅད་ཞུས་གྲུབ་མཚམས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་ནོར་བུ་ཚེ་རིང་ལགས་ནས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གལ་གནད། དེའི་འབྱུང་རིམ་དང་འཕེལ་རིམ་དང་འབྲེལ་ད་ལྟའི་ཆར་བཙན་བྱོལ་བོད་མིའི་མཉམ་འབྲེལ་གྱི་སྒྲིག་འཛུགས་ཁག་རྒྱ་གར་གྱི་ཁྲིམས་མཐུན་བཞིན་འཛིན་སྐྱོང་གནང་བཞིན་པའི་སྐོར། དེ་བཞིན་མཉམ་འབྲེལ་གྱི་དམིགས་ཡུལ་དང་ལྟ་གྲུབ་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད། དེ་རྗེས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་ནས་ཚོགས་འདུའི་ངོ་སྤྲོད་དང་འབྲེལ། ཐེངས་འདིར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ ༢༥ དང་འབྲེལ་ལོ་རྒྱུས་དང་ལས་བསྡོམས་ཀྱི་ཆེད་དེབ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་སློབ་སྒྲོགས་སྦྱང་གནང་བའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི་དང་སྦྲགས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། གཅིག་ཕན་གཅིག་རོགས། ཐུན་མོང་ཡར་རྒྱས་གོང་འཕེལ། ཡུལ་མིར་མཐུན་གཤིབ། ལས་དོན་དྲང་བདེན། ཉམ་ཐག་ལ་ལྟ་སྐྱོང་སོགས་གནང་དགོས་པའི་ལམ་སྟོན་བཀའ་བློན་སྩལ་ཏེ་ཚོགས་འདུའི་དམིགས་ཡུལ་བཞིན་ལེགས་སྒྲུབ་ཡོང་བའི་སྨོན་འདུན་མཛད་ཡོད།དེ་བཞིན་ཚོགས་གཙོ་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་འབྱུང་རིམ་དང་འབྲེལ། དེ་སྔོན་མཉམ་འབྲེལ་གྱི་ཤེར་བདག་དང་ལས་བྱེད་རྣམས་ལ་མཉམ་འབྲེལ་གྱི་ལྟ་གྲུབ་རྒྱལ་ལྗོངས་དམན་པ་དང་། ལས་དོན་རྣམས་ཁྲིམས་མཐུན་གྱི་ལག་བསྟར་ཚུལ་བཞིན་མ་བྱུང་བའི་དབང་གིས་མཉམ་འབྲེལ་གྱི་དགོས་དམིགས་ཇི་བཞིན་གྲུབ་མ་ཐུབ་པ་མ་ཟད།...
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།
དེ་རིང་ཕྱི་ཚེས་ ༢༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་སྐྱིད་གྲོང་དང་བལ་ཡུལ་དུ་ཆུ་ལོག་བྱུང་ནས་མི་རྒྱུ་གཉིས་ལ་གོད་ཆག་བྱུང་བར་ཐུགས་སྨོན་སྐྱབས་འཇུག་དང་། འདས་པོ་རྣམས་ཀྱི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུག The post ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ། appeared first on བོད་ཀྱི་དུས་བབ།.
༸གོང་ས་མཆོག་གིས་བལ་བོད་ས་མཚམས་སུ་ས་རུད་གོད་ཆག་བྱུང་བར་ཐུགས་གསོ་མཛད།
བོད་བལ་ས་མཚམས་སུ་རྒྱུགས་པའི་ལ་ལྡེབ་ཕུའི་གཙང་པོར་ཆུ་རུད་ཀྱིས་རྐྱེན་པས། གཙང་པོ་འབབ་རྒྱུད་བོད་ཀྱི་སྐྱིད་གྲོང་དང་། བལ་ཡུལ་ར་སུ་ཝ་རྫོང་སོགས་ཀྱི་ཁང་ཁྱིམ་འབོར་ཆེན་བསྣུབས་ཏེ། མི་གྲངས་སྟོང་ཕྲག་གཅིག་དང་ཕྱེད་ལྷག་འདས་གྲོངས་དང་རྨས་སྐྱོན། གར་སོང་ཆ་མེད་ཀྱི་ཆག་སྒོ་ཆེན་པོ་བྱུང་བར་ཐུགས་གསོ་མཛད་འདུག The post ༸གོང་ས་མཆོག་གིས་བལ་བོད་ས་མཚམས་སུ་ས་རུད་གོད་ཆག་བྱུང་བར་ཐུགས་གསོ་མཛད། appeared first on བོད་ཀྱི་བང་ཆེན།.
བལ་བོད་ས་མཚམས་སུ་ས་རུད་གོད་ཆག་བྱུང་བར་བཀའ་ཤག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་།
ཁ་སང་ཞོགས་པ་བལ་ཡུལ་དང་བོད་གཉིས་ཀྱི་ས་མཚམས་སུ་ས་རུད་ཀྱི་གོད་ཆག་བྱུང་ནས་བོད་པ་དང་བལ་ཡུལ། ཕྱི་རྒྱལ་གྱི་མི་རིགས་སོགས་མི་བརྒྱ་ཕྲག་འགའ་ཤས་འདས་གྲོངས་སུ་གྱུར་པར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་འདུག The post བལ་བོད་ས་མཚམས་སུ་ས་རུད་གོད་ཆག་བྱུང་བར་བཀའ་ཤག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་། appeared first on བོད་ཀྱི་བང་ཆེན།.
གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༦ ཉིན་གྱི་སྔ་དྲོར་བོད་བལ་ས་མཚམས་སུ་རྒྱུགས་པའི་ལྡེབ་ཕུའི་གཙུང་པོར་ཆུ་རུད་ཀྱི་རྐྱེན་པས་གཙང་པོ་འབབ་རྒྱུད་བོད་ཀྱི་སྐྱིད་གྲོང་དང་། བལ་ཡུལ་ར་སུ་ཝ་རྫོང་སོགས་ཀྱི་ཁང་ཁྱིམ་འབོར་ཆེན་བསྣུབས་ཏེ། མི་གྲངས་བརྒྱ་ཕྲག་མང་པོར་ཤི་རྨས་ཀྱི་ཆག་སྒོ་ཆེན་པོ་བྱུང་འདུག་པ་དང༌། དེའི་ཁོངས་ར་སུ་ཝ་དགེ་རྒྱས་གླིང་ཁོངས་སུའང་བོད་མི་ཁག་གཅིག་འདས་གྲོངས་ཕྱིན་འདུག་པར་བརྟེན། འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་། མྱ་ངན་མཚོན་ཆེད། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ཚེས་ ༢༧ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་བློ་བཟང་བསམ་གཏན་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་སྡོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་དྷ་ས་ཁུལ་གྱི་མི་མང་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་།དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ད་བར་གསར་འགྱུར་བརྒྱུད་ལམ་ཁག་དང་། འབྲེལ་ཡོད་བལ་ཡུལ་བོད་མིའི་ས་གནས་སྒྲིག་འཛུགས་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༦ ཉིན་གྱི་སྔ་དྲོར། བོད་བལ་ས་མཚམས་སུ་རྒྱུགས་པའི་ལ་ལྡེབ་ཕུའི་གཙང་པོར་ཆུ་རུད་ཀྱིས་རྐྱེན་པས། གཙང་པོ་འབབ་རྒྱུད་བོད་ཀྱི་སྐྱིད་གྲོང་དང་། བལ་ཡུལ་ར་སུ་ཝ་རྫོང་སོགས་ཀྱི་ཁང་ཁྱིམ་འབོར་ཆེན་བསྣུབས་ཏེ། མི་གྲངས་སྟོང་ཕྲག་གཅིག་དང་ཕྱེད་ལྷག་འདས་གྲོངས་དང་རྨས་སྐྱོན། གར་སོང་ཆ་མེད་ཀྱི་ཆག་སྒོ་ཆེན་པོ་བྱུང་འདུག བརྒྱུད་ལམ་ཁག་ཏུ་སོ་སྲུང་བརྙན་མིག་དང་། མི་སྒེར་གྱི་བརྙན་ཐུང་འདྲ་མིན་ཐོན་པ་ནས་མཐོང་ཐུབ་པ་ཞིག་ལ། སྐྱིད་གྲོང་འགག་སྒོ་ཟེར་བའི་ས་གནས་གཅིག་པུར་ཆུ་རུད་ཀྱིས་དེད་པའི་ཁང་ཁྱིམ་དང་། མི་བརྒྱ་ཕྲག་སྐད་ཅིག་དེ་ཉིད་ལ་ཤུལ་མེད་ཆགས་ཡོད་ནའང་། རྒྱ་དམར་གཞུང་གིས་ཉིན་གཅིག་རིང་འཆི་རྨས་ཀྱི་གནས་ཚུལ་སྦས་སྐུང་བྱས་ཏེ། དེ་རིང་གནས་ཚུལ་བསྒྲགས་པ་ལྟར་ན། བོད་ནང་འདས་གྲོངས་སོང་བ་མི་གྲངས་ ༣ དང་། མི་གྲངས་ ༥༥༨ གར་སོང་ཆ་མེད་དུ་གྱུར་པ། དེའི་ཁོངས་ཕྱི་རྒྱལ་བ་ ༢༦༠ ཡོད་སྐོར་འཁོད་འདུག་པ་ཙམ་ལས། ཞིབ་ཕྲའི་གནས་སྟངས་ཇི་ཡིན་རྟོགས་ཐབས་མི་འདུགབལ་ཡུལ་ནང་ཤར་ཝ་ར་གསུམ་ས་གནས་འགོ་འཛིན་ལས་ཁུངས་ཁྱབ་ཁོངས། ཤབ་རུ་གཞིས་ཆགས་དང་། ཉེ་འགྲམ་ཤབ་རུ་ཁྲོམ། སྐྱིད་གྲོང་ས་མཚམས་ཀྲི་མུ་རེ་སོགས་ཐེངས་འདིར་ཆུ་རུད་ཀྱི་གནོད་སྐྱོན་ཕོག་ཚད་ཆེ་ཤོས་ཡིན་པ་བལ་ཡུལ་གཞུང་གིས་ངོས་འཛིན་བྱས་འདུག ཁུལ་དེར་བོད་མིའི་ཁ་འཐོར་འདུ་གནས་ལྔ་སྟེ། ༡) ར་སུ་ཝ་དགེ་རྒྱས་གླིང་གཞིས་ཆགས་ཀྱི་ཁྱིམ་ཚང་ ༡༡ ཆ་ཚང་ཆུས་བསྣུབས་ཏེ། དེར་གནས་སྡོད་བྱེད་མཁན་རྒན་རྒོན་གཉིས་ཀ་གར་སོང་ཆ་མེད་དང༌། ཤབ་རུ་ཁྲོམ་ཆ་ཚང་ཆུས་ཁྱེར་ཏེ་དེར་གནས་སྡོད་བྱེད་མཁན་ཁང་ཁྱིམ་ ༢ ལས་མི་ ༡ འདས་གྲོངས་དང་། ཁྱིམ་ཚང་གཞན་དེ་ནས་མི་གྲངས་ ༣ གར་སོང་ཆ་མེད། ༢) ཏི་མུ་རེ་ས་གནས་སུ་བོད་མིའི་ཁྱིམ་ཚང་ ༢ ལ་མི་གྲངས་ ༦ ཡོད་པ་གར་སོང་ཆ་མེད་གྱུར་འདུག ༣) ཐང་པོ་ཆེ་དང་། ༤) ཁང་ཅིམ ༥) བི་རི་ཐིམ་བཅས་ས་ཁག་གསུམ་དུ་ཁྱིམ་ཚང་ ༦ ཡོད་པ་དེ་དག་ས་མཐོ་སར་ཆགས་ཡོད་པས་གནོད་སྐྱོན་བྱུང་མི་འདུག དེ་རིང་སྔ་དྲོར་བོད་མི་དྲུག་བལ་ཡུལ་གཞུང་གིས་མྱུར་སྐྱོབ་བྱེད་ཐུབ་པའི་གནས་ཚུལ་ཐོན་འདུག་པ་བརྩད་ཞིབ་བྱེད་བཞིན་པ་ཡིན། ཐེངས་འདིར་ཆུ་རུད་ཀྱི་རྐྱེན་པས་བོད་དང་བལ་ཡུལ་ནས་ཁྱོན་བསྡོམས་མི་གྲངས་ ༡༥༠༠ ལྷག་གར་སོང་ཆ་མེད་དང་འདས་གྲོངས་སོང་བའི་ཁོངས་ཕྱི་རྒྱལ་བ་མི་གྲངས་ ༨༠༠ ལྷག་ལ་ཆག་སྒོ་བྱུང་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་བཅུ་ཕྲག་ལྔ་ལྷག་གོང་ནས་ཕྱི་སྣོད་ཀྱི་འཇིག་རྟེན་སྤྱི་དང་། ཡང་སྒོས་སུ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཅེས་སྲུང་དགོས་པའི་བཀའ་སློབ་ལམ་སྟོན་སྔ་རྗེས་སྩལ་ཡོད་ལ། བོད་མིའི་སྒྲིག་འཛུགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་ཁོར་ཡུག་ཐོག་དོ་སྣང་ཡོང་ཐབས་ཀྱི་འབད་བརྩོན་རིམ་པར་བྱས་ཡོད་ནའང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཉུང་ཤས་ལས། གནད་ཡོད་རྒྱལ་ཁབ་ཁག་གིས་དགོས་ངེས་ཀྱི་རྣམ་འགྱུར་སྟོན་མཁན་ཡང་དཀོན་པོ་ཡིན། བོད་ས་མཐོའི་སྟེང་། རྒྱ་དམར་གཞུང་གིས་འཛུགས་སྐྲུན་ལ་བསྙད་པའི་ཁོར་ཡུག་གཏོར་བཤིག་གི་བྱ་བྱེད་སྣ་ཚོགས་དབང་གིས་ཚ་དྲོད་འཕར་ཚད་ལྡབ་འགྱུར་ཆགས་པའི་དངོས་ཡོད་གནས་ཚུལ་དེའི་ཐོག དེང་སང་ཧི་མ་ལ་ཡའི་རི་རྒྱུད་དུ་ལྗང་མདོག་གི་ནུས་ཁུངས་ལ་བསྙད་པའི་ཆུ་མཛོད་དང་། ཉི་གློག་གི་ལས་གཞི་དང་། ལྕགས་ལམ་སྣོལ་འབྲེལ་གྱི་ལས་གཞི་ཁག་མངོན་སུམ་འཛེམས་མེད་དུ་སྤེལ་བའི་ཉེར་ལེན་གྱིས། གནོད་འཚེ་འདི་རིགས་འགྲོ་བ་མི་སྤྱི་ཡོངས་ཀྱི་མྱོང་ཐོག་ཏུ་སྔ་རྗེས་རིམ་པར་འབེབས་ཀྱི་ཡོད་པ་དང་། ད་དུང་འདི་ལས་ཉེན་ཚབས་ཆེ་བ་ཡོང་སྲིད་པའི་གནས་སྟངས་ལ་ཁུ་སིམ་མེར་སྡོད་པའི་དུས་ཤིག་གཏན་ནས་མིན།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ལ་དྭགས་ནས་བོད་བལ་ནང་ཆུ་རུད་ཀྱི་གནོད་སྐྱོན་ཕོག་མཁན་རྣམས་ལ་ཐུགས་སྨོན་དང་། མ་འོངས་པར་ཆག་སྒོ་དེ་རིགས་བསྐྱར་ཟློས་མ་ཡོང་བའི་སླད། ས་ཁུལ་དེའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དང་དོ་སྣང་དགོས་པའི་དྲན་སྐུལ་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐེངས་འདིར་ཆུ་རུད་ཀྱི་གོད་ཆག་ནང་ལྷུང་བའི་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། མྱ་ངན་མཚོན་ཆེད། དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཚུགས་ཏེ། རྨས་སྐྱོན་ཕོག་མཁན་རྣམས་གང་མྱུར་དྲག་བསྐྱེད་དང་། འདས་གྲོངས་སུ་ཕྱིན་པ་རྣམས་རྟེན་བཟང་རིམ་བརྒྱུད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྐྱབས་སྨོན་དང་། དེ་བཞིན་དེ་དག་གི་ཤུལ་ལུས་ནང་མི་ལྟོས་བཅས་ལ་གཉེན་ཉེ་བྲལ་བའི་སྡུག་བསྔལ་ལས་མྱུར་དུ་གྲོལ་བའི་སྨོན་ལམ་འདེབས་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ས་གནས་འབྲེལ་ཡོད་ལ་ཛ་དྲག་གུད་སྐྱོབ་ཀྱི་ལས་དོན་འཕྲལ་མྱུར་བྱེད་དགོས་པའི་བཀོད་མངགས་ཟིན་ཡོད། དེ་བཞིན་དུ་ཤ་ཝ་ར་གསུམ་བོད་མིའི་གཞིས་ཆགས་ཁོངས་བོད་མི་གནས་ཡུལ་ཁག་གཅིག་ཏུ་གནོད་འཚེ་ཕོག་མཁན་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་གུད་སྐྱོབ་ལ་ཕན་གྲོགས་དང་། བལ་ཡུལ་གཞུང་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ། བཙན་བྱོལ་བོད་མི་ཚོས་སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན་སོ་སོ་ཡིས་བརྒྱུད་བློས་བཅད་ཞལ་འདེབས་འབུལ་ཐུབ་པའི་རེ་སྐུལ་ཞུ་བཞིན་ཡོད། ཅེས་གསུང་བཤད་གནང་རྗེས་ཆུ་ཚོད་ ༣ བར་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེར་ཕུལ་ཏེ་མཆོད་འབུལ་སྨོན་ལམ་གྲོལ་ཡོད་པ་བཅས།།
ཡོངས་ཁྱབ་གསལ་བསྒྲགས།
༄༅། །ད་བར་གསར་འགྱུར་བརྒྱུད་ལམ་ཁག་དང་། འབྲེལ་ཡོད་བལ་ཡུལ་བོད་མིའི་ས་གནས་སྒྲིག་འཛུགས་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༦ ཉིན་གྱི་སྔ་དྲོར། བོད་བལ་ས་མཚམས་སུ་རྒྱུགས་པའི་ལ་ལྡེབ་ཕུའི་གཙང་པོར་ཆུ་རུད་ཀྱིས་རྐྱེན་པས། གཙང་པོ་འབབ་རྒྱུད་བོད་ཀྱི་སྐྱིད་གྲོང་དང་། བལ་ཡུལ་ར་སུ་ཝ་རྫོང་སོགས་ཀྱི་ཁང་ཁྱིམ་འབོར་ཆེན་བསྣུབས་ཏེ། མི་གྲངས་སྟོང་ཕྲག་གཅིག་དང་ཕྱེད་ལྷག་འདས་གྲོངས་དང་རྨས་སྐྱོན། གར་སོང་ཆ་མེད་ཀྱི་ཆག་སྒོ་ཆེན་པོ་བྱུང་འདུག བརྒྱུད་ལམ་ཁག་ཏུ་སོ་སྲུང་བརྙན་མིག་དང་། མི་སྒེར་གྱི་བརྙན་ཐུང་འདྲ་མིན་ཐོན་པ་ནས་མཐོང་ཐུབ་པ་ཞིག་ལ། སྐྱིད་གྲོང་འགག་སྒོ་ཟེར་བའི་ས་གནས་གཅིག་པུར་ཆུ་རུད་ཀྱིས་དེད་པའི་ཁང་ཁྱིམ་དང་། མི་བརྒྱ་ཕྲག་སྐད་ཅིག་དེ་ཉིད་ལ་ཤུལ་མེད་ཆགས་ཡོད་ནའང་། རྒྱ་དམར་གཞུང་གིས་ཉིན་གཅིག་རིང་འཆི་རྨས་ཀྱི་གནས་ཚུལ་སྦས་སྐུང་བྱས་ཏེ། དེ་རིང་གནས་ཚུལ་བསྒྲགས་པ་ལྟར་ན། བོད་ནང་འདས་གྲོངས་སོང་བ་མི་གྲངས་ ༣ དང་། མི་གྲངས་ ༥༥༨ གར་སོང་ཆ་མེད་དུ་གྱུར་པ། དེའི་ཁོངས་ཕྱི་རྒྱལ་བ་ ༢༦༠ ཡོད་སྐོར་འཁོད་འདུག་པ་ཙམ་ལས། ཞིབ་ཕྲའི་གནས་སྟངས་ཇི་ཡིན་རྟོགས་ཐབས་མི་འདུག བལ་ཡུལ་ནང་ཤར་ཝ་ར་གསུམ་ས་གནས་འགོ་འཛིན་ལས་ཁུངས་ཁྱབ་ཁོངས། ཤབ་རུ་གཞིས་ཆགས་དང་། ཉེ་འགྲམ་ཤབ་རུ་ཁྲོམ། སྐྱིད་གྲོང་ས་མཚམས་ཀྲི་མུ་རེ་སོགས་ཐེངས་འདིར་ཆུ་རུད་ཀྱི་གནོད་སྐྱོན་ཕོག་ཚད་ཆེ་ཤོས་ཡིན་པ་བལ་ཡུལ་གཞུང་གིས་ངོས་འཛིན་བྱས་འདུག ཁུལ་དེར་བོད་མིའི་ཁ་འཐོར་འདུ་གནས་ལྔ་སྟེ། ༡) ར་སུ་ཝ་དགེ་རྒྱས་གླིང་གཞིས་ཆགས་ཀྱི་ཁྱིམ་ཚང་ ༡༡...
ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས།
ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་དང་བལ་ཡུལ་ཤབ་རུའི་ཁྲོམ་ས་དང་ཉེ་ཁུལ་གྱི་ཁ་འཐོར་བོད་མི་རྣམས་ལ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པ་མ་ཟད་བོད་མི་ཁག་ཅིག་ཆུས་ཁུར་ནས་གར་སོང་ཆ་མེད་དུ་གྱུར་འདུག The post ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། appeared first on བོད་ཀྱི་དུས་བབ།.
༧གོང་ས་མཆོག་གིས་བལ་བོད་ས་མཚམས་སུ་ཆུ་ལོག་གི་དོན་རྐྱེན་ཕོག་པ་ཚོར་ཐུགས་གསོ་མཛད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ར་སུ་ཝ་ས་ཁུལ་དང་། བོད་ཀྱི་སྐྱིད་གྲོང་ས་ཁུལ་དུ་ཆུ་ལོག་ཚབས་ཆེན་བྱུང་པར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག དེ་ཡང་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་གསུང་འཕྲིན་ཕེབས་པའི་ནང་། བལ་ཡུལ་གྱི་ར་སུ་ཝ་ས་ཁུལ་དང་། བོད་ཀྱི་སྐྱིད་གྲོང་ས་ཁུལ་དུ་ཆུ་ལོག་ཚབས་ཆེན་བྱུང་སྟེ། མིའི་ཚེ་སྲོག་ཤོར་བ་དང་ཁང་རྩིག་དང་བཟོ་བཀོད་ཁག་ལ་གཏོར་སྐྱོན་ཚབས་ཆེན་བྱུང་འདུག་པར་ཐུགས་ཕམ་བྱུང་པ་དང་། རྐྱེན་འདས་སུ་སོང་བ་རྣམས་ལ་ཐུགས་སྨོན་དང་། འདས་པོའི་ནང་མི་རྣམས་དང་གནོད་འཚེ་འདིས་ཤུགས་རྐྱེན་ཕོག་པ་ཚང་མར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོ་ཡོད་ཅེས་བཀའ་གནང་འདུག ཐུགས་གསོའི་གསུང་འཕྲིན་ནང་ད་དུང་། ས་ཁུལ་འདིར་སྔོན་ཆད་ཀྱང་གོད་ཆག་འདྲ་མིན་བྱུང་མྱོང་ཡོད་པས། དེ་དག་ནི་རྒྱུ་རྐྱེན་གཏིང་ཟབ་མོ་ཞིག་ཡོད་དེ་གནམ་གཤིས་འགྱུར་ལྡོག་གམ་ཡང་ན་ར...
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བལ་བོད་ས་མཚམས་སུ་ཆུ་ལོག་གི་གོད་ཆག་བྱུང་བར་ཐུགས་གསོ་མཛད་པ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བལ་བོད་ས་མཚམས་སུ་ཆུ་ལོག་གི་གོད་ཆག་བྱུང་བར་ཐུགས་གསོ་མཛད་ཡོད། དེ་ཡངཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན། བོད་སྐྱིད་གྲོང་ཁུལ་དང་བལ་ཡུལ་ར་སུ་ཝ་ཁུལ་དུ་ཆུ་ལོག་གི་གོད་ཆག་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོག་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་ཕམ་དང་སྦྲགས། རྐྱེན་ལམ་དུ་ཤོར་བ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་དང་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་ཐུགས་གསོ་མཛད་འདུག གཞན་ཡང་ཐུགས་གསོའི་གསུང་འཕྲིན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཁུལ་དེར་དེ་སྔ་ཡང་གནམ་གཤིས་འགྱུར་ལྡོག་གམ་རྒྱུ་རྐྱེན་གཞན་སོགས་ཀྱིས་རྐྱེན་པའི་གོད་ཆག་འདི་འདྲ་བ་བྱུང་མྱོང་ཡོད་སྟབས། མ་འོངས་པར་རྐྱེན་ངན་ཚབས་ཆེ་དེ་རིགས་མི་ཡོང་བའི་ཆེད་དུ་སྔོན་འགོག་གི་ཐབས་ལམ་གང་ཡོད་བསྟེན་དགོས་པའི་ཐུགས་རེ་མཛད་འདུག
ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དོན་འགྲུབ་གླིང་གཞིས་ཆགས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་དང་། སྡེ་ཚན་ཁག དེ་བཞིན་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༦ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དོན་འགྲུབ་གླིང་གཞིས་ཆགས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་དང་། སྡེ་ཚན་ཁག དེ་བཞིན་མི་མང་ཐུག་འཕྲད་ཀྱིས་ས་གནས་མི་མང་གི་ཚོགས་ཁང་ནང་དུ་གསུང་བཤད་གནང་ཡོད། དེ་ཡང་ཐོག་མར་དཔལ་ལྡན་བཀྲ་ཤིས་འཁྱིལ་དགོན་པར་འཚམས་གཟིགས་གནང་སྐབས་ས་གནས་ཀྱི་དྲུང་ཆེ་དང་འཐུས་མིའི་ཚོགས་གཙོ་དང་། ཚོགས་གཞོན་བཅས་ནས་ཕེབས་བསུ་ཞུས་ཡོད། དེ་ནས་དགོན་པའི་འདུ་ཁང་དང་སློབ་གྲྭའི་འཛིན་ཁང་རེ་རེར་རྟོག་ཞིབ་ཀྱིས་བཀའ་བསྡུར་ལྷུག་པོ་གནང་།དེ་རྗེས་དཔལ་བདེ་ཆེན་ཆོས་འཁོར་གླིང་དགོན་པར་འཚམས་གཟིགས་དང་། ཨོ་རྒྱན་སྨིན་གྲོལ་གླིང་དགོན་པ་དང་བཤད་གྲྭ། དེ་བཞིན་དཔེ་མཛོད། ༸སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་གཟིམ་ཤག་ཏུ་སྐུ་གདུང་མཆོད་རྟེན་བཅས་ལ་མཆོད་མཇལ་ཞུས། དོན་འགྲུབ་གླིང་ཁྱབ་ཁོངས་དགོན་སྡེ་ཁག་ལ་འཚམས་གཟིགས་སུ་ཕེབས་སྐབས་ཆོས་རིག་བཀའ་བློན་མཆོག་ནས་སྐབས་ ༡༧ པའི་བཀའ་ཤག་གི་ཆོས་རིག་བཀའ་བློན་གྱི་ཐུགས་ཁུར་བཞེས་ཏེ་དབུ་ཁྲིད་བླ་ཆེན་ཁག་ལ་འཚམས་འདྲིའི་མཇལ་ཁ་ཞུས་པ་དང་སྦྲགས་ས་གནས་ཁྱབ་ཁོངས་དགོན་སྡེ་ཁག་དང་སྡེ་ཚན་ཁག དེ་བཞིན་མི་མང་ཐུག་འཕྲད་གནང་རྒྱུ་བཅས་ལ་དམིགས་ཏེ་འཚམས་གཟིགས་སུ་ཕེབས་དོན་དང་། བར་ལམ་རྒྱ་གར་གཞུང་གིས་ཕྱི་དངུལ་ལེན་བེད་ཆོག་པའི་སྒྲིག་གཞིར་བསྐྱར་བཅོས་འགའ་གནང་བ་བཞིན་དེ་དག་ལ་ཐུགས་སྣང་དང་། གྲྭ་ཚང་དུ་ཕྲུ་གུ་གསར་དུ་འཇུག་བཞེས་སྐབས་ཕ་མའི་མོས་མཐུན་ངོས་སྦྱོར་ངེས་པར་མཉམ་འཁྱེར་གྱིས་སྐུ་ངལ་མི་འཕྲད་པ་གནང་གལ། ཆོས་རིག་ལས་ཁུངས་ཀྱི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་། བོད་ཀྱི་གྲངས་འཛིན་དཔེ་མཛོད་སྐོར་ངོ་སྤྲོད་གནང་།དེ་རྗེས་ས་གནས་ཀྱི་ལས་ཁུངས་དང་ས་གནས་སྨན་ཁང་བཅས་སུ་ཕེབས་ཏེ་ལས་བྱེད་ཐུག་འཕྲད་གནང་། དེ་ནས་ས་གནས་མི་མང་ཚོགས་ཁང་ནང་ཕེབས་ཏེ་མི་མང་རྣམས་ལ་བཀའ་ཤག་སྐབས་ ༡༧ པའི་སྤྱི་ཡོངས་ཀྱི་ལས་དོན་གནང་ཕྱོགས་དང་ལངས་ཕྱོགས་སྙིང་བསྡུས། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ལས་གཞི་ངོ་སྤྲོད་གནང་། དེ་ཡང་བཀའ་ཤག་སྐབས་ ༡༧ པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ། ༸གོང་ས་མཆོག་ཐུགས་བསུན་བཟོ་མི་དགོས་པ་དང་། གཞིས་ལུས་མི་མང་བློ་ཕམ་མི་ཡོང་བ་གནང་རྒྱུ། ༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་གདོང་ལེན་མཐར་ཕྱིན་པ་བྱ་རྒྱུ། དེ་བཞིན་ད་ལྟའི་བཀའ་ཤག་གི་ལས་དོན་ཡོངས་རྫོགས་ཁྲིམས་སྒྲིག་གཙོ་བོར་བཟུང་ནས་ཆོས་བརྒྱུད་དང་ཆོལ་ཁ་དབྱེ་མེད། ༸གོང་ས་མཆོག་གི་༸སྐུའི་ཉེན་སྲུང་ཞུ་སྒོ་རྒྱ་གར་གཞུང་དང་ཟུང་འབྲེལ་ཐོག་སྔར་ལྷག་དམ་དོན་ཞུ་རྒྱུ། ༸རྒྱལ་བའི་ཡང་སྲིད་གནད་དོན་ཐོག་ཨ་རི་གཙོས་པས་རྒྱལ་ཁབ་གྲངས་ ༣༨ ནས་རྒྱབ་སྐྱོར་ཐོབ་ཡོད་པ་བཞིན་མུ་མཐུད་རྒྱབ་སྐྱོར་ཐོབ་ཐབས་ཞུ་རྒྱུ།...
བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ས་མཚམས་སུ་འདམ་རུད་དང་ཆུ་ལོག་ཚབས་ཆེན་བྱུང་འདུག
བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ས་མཚམས་སུ་འདམ་རུད་དང་ཆུ་ལོག་ཚབས་ཆེན་བྱུང་འདུག སྐྱིད་གྲོང་དང་བལ་ཡུལ་ས་མཚམས་སུ་འདམ་རུད་དང་ཆུ་རུད་ཚབས་ཆེན་བྱུང་ནས་ཉུང་མཐར་མི་ ༣ རྐྱེན་འདས་སོང་པ་དང་མི་ ༢༦༥ ལྷག་གར་སོང་ཆ་མེད་དུ་སོང་འདུག ཕྱི་ལོ་ ༢༠༢༦ ཟླ་༨ ཚེས་ ༢༦ ཉིན་བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ར་སུ་ཝ་ས་ཁུལ་གྱི་ས་མཚམས་རྒྱུད་དུ་འདམ་རུད་དང་གློ་བུར་ཆུ་རུད་ཚབས་ཆེན་བྱུང་སྟེ། ཁང་པ་དང་གཞུང་ལམ། ཟམ་པ། གློག་ཤུགས་ལས་གཞི་སོགས་གཏོར་བཤིག་ཚབས་ཆེན་བྱུང་འདུག བལ་ཡུལ་ཕྱོགས་སུ་ཤི་རྐྱེན་ཚབས་ཆེན་བྱུང་ཞིང་། ད་ལྟ་བར་མི་ ༩༥ འདས་གྲོངས་སུ་སོང་བ་དང་། ཡུལ་སྐོར་བ་དང་གནས་མཇལ་བ་བརྒྱ་ཕྲག་མང་པོ་ད་དུང་འབྲེལ་བ་བྱེད་མི་ཐུབ་པར་ལུས་འདུག་ལ། ཤི་རྨས་དང་གར་སོང་ཆ་མེད་ཀྱི་གྲངས་ཐོ་མུ་མཐུད་ཕར་བཞིན་ཡོད་པ་རོའི་ཊརསི་གསར་སྤེལ་ཁང་གིས་གནས་ཚུལ་ནང་བཀོད་འདུག བལ་ཡུལ་ཡུལ་སྐོར་ལས་ཁུངས་ཀྱིས་...
རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག
རྒྱ་ནག་གི་འགྲོ་འོང་ཁྲིམས་ཡིག་གསར་པ་འདིའི་འོག་ནས་ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་ཕ་ཡུལ་ལ་གཉེན་འཕྲད་དུ་འགྲོ་སྐབས་འཛིན་བཟུང་བཀག་འགོག་བྱེད་ཉེན་ཡོད་འདུག The post རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག appeared first on བོད་ཀྱི་དུས་བབ།.
བལ་བོད་ས་མཚམས་སུ་ཆུ་ལོག་བྱུང་ནས་ཉུང་མཐར་མི་༡༧ རྐྱེན་འདས་སུ་སོང་།
བལ་བོད་ས་མཚམས་སུ་གློ་བུར་གྱི་ཆུ་ལོག་དང་འདམ་རུད་ཀྱི་ཉེན་ཁ་ཧ་ཅང་ཚབས་ཆེན་ཞིག་བྱུང་སྟེ། གྲོང་གསེབ་ཁག་ཅིག་ཆུས་བསྣུབས་པ་དང་། ལམ་ཁ་དང་འཛུགས་སྐྲུན་ཁག་ལ་གཏོར་བཤིག་ཐེབས་ནས་ཉུང་མཐར་མི་༡༧ རྐྱེན་འདས་སུ་སོང་ཡོད་པ་གནས་ཚུལ་ཐོན་འདུག ཕྱི་ལོ་༢༠༢༦ ཟླ་བ་༨ ཚེས་༢༦ རེས་གཟའ་ལྷག་པའི་ཞོགས་པ་སྔ་པོར་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་བྱང་ཕྱོགས་སུ་ཡོད་པའི་ར་སུ་ཝ་ (Rasuwa) ས་ཁུལ་དུ་ཆུ་ལོག་བྱུང་ཡོད་པ་དང་། དེ་ནི་གངས་འབོར་ཆེན་བཞུས་ནས་བྷོ་ཊེ་ཀོ་ཤི་ (Bhote Koshi) གཙང་པོའི་ཆུ་རྒྱས་པ་ལས་བྱུང་བ་ཞིག་ཡིན་པར་བཤད། རྒྱ་ནག་གཞུང་གི་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ། བོད་དབུས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོའི་ཉེ་འགྲམ་དུ་འདམ་རུད་བྱུང་ཞིང་། མི་མང་པོ་ག་སོང་ཆ་མེད་དུ་གྱུར་ཡོད་སྐོར་ལས་གྲངས་ཀ་གང་ཡང་བཤད་མི་འདུག བལ་ཡུལ་གཞུང་གིས་བརྗོད་དོན་ལ། ད་ལྟའི་ཆར་བོད་དང་བལ་ཡུལ་གྱི་ས་མཚམས་གཉིས་ཀར་འཚོལ་ཞིབ་དང་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་དང་། ད་བར་མི་༡༢ སྐྱོབ་ཐུབ་པ་བྱུང་ཡོད་སྐོར་དང་། བོད་ནང་གི་གསར་འགྱུར་བརྒྱུད་ལམ་གྱིས་བཤད་ན། ས་དེར་མི་མང་པོ་ཤི་རྨས་བྱུང་ཡོད་པ་དང་། བལ་ཡུལ་གཞུང་གི་དཔོན་རིགས་ཚོས་ཀྱང་ “གྱོང་གུད་ཧ་ཅང་ཆེན་པོ་” ཕོག་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་བརྗོད་འདུག
མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
རྒྱ་ནག་གི་དེང་རབས་རི་མོ་དང་འཇིམ་བཟོའི་སྒྱུ་རྩལ་བ་གོ་ཀྲན་གྱིས་མའོ་ཙེ་ཏུང་ལ་འཕྱ་སྨོད་ཀྱི་འབག་སྐུ་ཞིག་བཟོས་པའི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག The post མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག appeared first on བོད་ཀྱི་དུས་བབ།.
འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་བདེ་ལེགས་སྨན་ཁང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༥ ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་བདེ་ལེགས་སྨན་ཁང་དུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད། དེ་ཡང་སྐབས་དེར་བདེ་ལེགས་སྨན་ཁང་གི་འགན་འཛིན་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གསུང་དོན། ད་ལྟའི་ཆར་ནད་པའི་ཐོ་འགོད་དང་གྲངས་ཐོ་རྣམས་གྲངས་འཛིན་ཐོག་ཉར་ཚགས་གནང་བཞིན་ཡོད་པ་དང་། དེ་སྔོན་ཡིག་ཆ་རྣམས་ཤོག་བུའི་ཐོག་ཉར་ཚགས་བྱེད་ཀྱི་ཡོད་པས། ཡུན་རིང་ཉར་ཚགས་བྱེད་པ་དང་ཕྱིར་འཚོལ་བསྡུ་བྱེད་པར་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། ཡིག་ཆ་རྣམས་སྐྱོན་ཤོར་བ་དང་། བོར་བརླག་སོང་བ་སོགས་ཀྱི་ཉེན་ཁ་ཡོད་སྐོར་བཅས་གསུངས་ཡོད།ཕྱོགས་མཚུངས་ནད་གཞི་སྔོན་འགོག་གི་ཐབས་ལམ་དང་འབྲེལ། རྒྱ་གར་གཞུང་ནས་རིན་མེད་མཁོ་སྤྲོད་གནང་བཞིན་པའི་སྔོན་འགོག་ཁབ་ཀྱི་ལས་གཞིའི་སྐོར་དང་། བོད་མི་རྣམས་ལ་མཐུན་རྐྱེན་དེ་དག་སྦྱོར་ཐབས་བཅས་ཀྱི་ཐོག་བཀའ་སྡུར་གནང་ཡོད་པ་མ་ཟད། ད་ལྟའི་གློ་ནད་ཊི་བི་གནས་སྟངས་སྐོར་དང་འབྲེལ་ནས་སྔ་ལོ་དང་བསྡུར་ན་གློ་ནད་ཊི་བི་ཕོག་པའི་ནད་པ་ཧ་ཅང་གི་ཉུང་དུ་ཕྱིན་ཡོད་སྐོར་དང་། Zero TB ཞེས་པའི་ལས་གཞིའི་ལག་བསྟར་བྱེད་ཕྱོགས་དང་དེའི་ཡར་རྒྱས་ཀྱི་གནང་སྟངས་སྐོར་སྙན་གསན་ཞུས་ཡོད། འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཚོགས་རྒྱུ་ཡིན་པའི་སྐོར་དང་། དེ་བཞིན་ཚོགས་འདུའི་གྲོས་འཆར་ཁག་ངོ་སྤྲོད་དང་། དུས་ཚོད་ཐུང་ཐུང་འདི་བེད་སྤྱོད་ཚད་ལྡན་བཏང་སྟེ་གལ་ཆེའི་གནད་དོན་ཐོག་དོན་ཕན་ལྡན་པའི་བགྲོ་བསྡུར་གནང་དགོས་གལ་ཐོག་ནན་བརྗོད་གནང་ཞིང་། སྐབས་དེར་གཙོ་བོ་འཕྲོད་བསྟེན་གྱི་སྲིད་བྱུས་གཏན་འབེབས་བྱ་རྒྱུ་དང་། འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་བྱ་རྒྱུ་སོགས་ཀྱི་གྲོས་གཞི་ཁག་ལ་དམིགས་བསལ་དོ་སྣང་གནང་ཡོད། མཐར་འཕྲོད་བསྟེན་བཀའ་བློན་མཆོག་གིས་བདེ་ལེགས་སྨན་ཁང་གི་སྡེ་ཚན་ཁག་ལ་གཟིགས་ཞིབ་གནང་བའི་སྐབས། སྨན་ཁང་གི་མཐུན་རྐྱེན་དང་། སྤྱི་ཡོངས་ཀྱི་འགྲོ་སྟངས་བཅས་ཀྱི་ཐོག་བསྐྱར་ཞིབ་གནང་ཡོད། དེ་བཞིན་བཀའ་བློན་མཆོག་གིས་ནད་པ་རྣམས་དང་ཐུག་འཕྲད་གནང་བ་བརྒྱུད་ནད་པའི་འཕྲོད་བསྟེན་གྱི་གནས་སྟངས་དང་། མྱོང་ཚོར། དེ་བཞིན་སྨན་ཁང་གི་ཞབས་ཞུའི་ཐོག་རྒྱུས་མངའ་ཟབ་པོ་བྱུང་ཡོད་པ་བཅས། །
༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸དཔལ་ས་སྐྱ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་ཆོས་རིག་བཀའ་བློན་མཆོག་གིས་འཚམས་...
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཆོས་རིག་བཀའ་བློན་མཆོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༥ ཉིན་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸དཔལ་ས་སྐྱ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་འཚམས་འདྲིའི་མཇལ་ཁ་ཞུས་པ་དང་། སྡེ་ར་སྡུན་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་སྡེ་ཚན་ཁག དེ་བཞིན་ཚེ་རིང་དོན་ལྡན་གཞིས་ཆགས་བཅས་སུ་འཚམས་གཟིགས་གནང་ཡོད། དེ་ཡང་གོང་ཚེས་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་༸དཔལ་ས་སྐྱ་༸སྒྲོལ་མ་ཕོ་བྲང་དུ་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸དཔལ་ས་སྐྱ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་འཚམས་མཇལ་ཞུས་ཤིང་། ཆོས་རིག་ལས་ཁུངས་ཀྱི་སྔར་སྲོལ་བཟང་པོ་བཞིན་བཀའ་ཤག་སྐབས་ ༡༧ པའི་ཆོས་རིག་བཀའ་བློན་གྱི་ཐུགས་ཁུར་བཞེས་ཏེ་དབུ་ཁྲིད་བླ་ཆེན་རྣམ་པར་འཚམས་མཇལ་ཞུ་སྲོལ་ཡོད་པ་ལྟར་འཛིན་སྐྱོང་གི་ལས་དོན་ལམ་ལྷོང་ཡོང་ཕྱིར་ཐུགས་སྨོན་སྐྱབས་འཇུག་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས། དེ་བཞིན་བཀའ་ཤག་སྐབས་ ༡༧ པའི་བཀའ་བློན་སྒྲུབ་ཆ་དང་། བཀའ་ཤག་གི་སྤྱི་ཡོངས་ཀྱི་ལས་དོན་ཞུ་ཕྱོགས་དང་ལངས་ཕྱོགས། ཆོས་རིག་ལས་ཁུངས་ཀྱི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་། བོད་ཀྱི་གྲངས་འཛིན་དཔེ་མཛོད་བཅས་ངོ་སྤྲོད་ཞུས། ༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་བོད་ཀྱི་སྐད་དང་ཡི་གེ་ཉམས་ཆག་ཧ་ཅང་ཆེན་པོ་འགྲོ་བཞིན་པར་ཐུགས་འཚབ་ཆེན་པོ་ཡོད་པ་དང་། དེ་སྔོན་ཕྱི་ལོ་ ༢༠༡༧ ལོར་བཀའ་ཤག་ལ་ཞུས་དོན་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༡༡ ནང་༸དཔལ་ས་སྐྱ་ཁྲི་འཛིན་ཞེ་བཞི་པ་༸ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོ་བསྐྱངས་གཏན་ཁེལ་བ་བཞིན་སླད་ཕྱིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ལས་དོན་གནང་སྒོ་ཁག་༸དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་ལ་འབྲེལ་བ་གནང་དགོས་པའི་བཀའ་སློབ་སྩལ།དེ་རྗེས་སྡེ་ར་སྡུན་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་ས་གནས་བཟོ་གྲྭ་དང་། ཤེལ་གྱི་བཟོ་གྲྭ (Exile Creations Private Limited)...
བོད་ནང་གི་མི་རབས་གསར་པའི་བོད་པའི་འགོ་ཁྲིད་ཚོར་དངོས་ཡོད་དབང་ཆ་ཡོད་དམ།
༢༠༢༧ ལོར་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ ༢༡ པ་འདི་ཚོགས་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པའི་སྐབས་དེར། རྒྱ་ནག་གཞུང་གིས་བོད་དུ་ཆབ་སྲིད་ཐོག་བསམ་པ་རྣམ་དག་དང་། དམར་ཤོག་ཚོགས་པའི་ལྟ་བ་དང་མཐུན་པ། མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཐུབ་མཁན་གྱི་མི་རབས་གསར་པའི་འགོ་ཁྲིད་དཔུང་ཁག་ཅིག་གསོ་སྐྱོང་བྱེད་བཞིན་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་བཀོད་འདུག
༄༅། །རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུག...
སྤྱི་ལོ་༢༠༢༦ པའི་ཟླ་༧ པའི་ཚེས་༢ ཉིན། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ཏུ་ཆགས་པའི་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ། བོད་གངས་ཅན་པའི་ཆབ་སྲིད་དཀའ་རྙོག་སེལ་སླད་དུ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དེ་ནི། ཡུལ་དུས་གཉིས་ཀའི་ཆ་ནས་དམིགས་བསལ་ཅན་ཞིག་ཆགས་བསྡད་ཅིང་། མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་པའི་བོད་པ་ཨ་རི་བ་དང་པོ་རེད་ལ། བོད་ཀྱི་རྒྱལ་གཅེས་དཔའ་བོ་ཨང་༡༧༡་པ་དེའང་ཆགས། The post ༄༅། །རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།། appeared first on བོད་ཀྱི་དུས་བབ།.
འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད། དེ་ཡང་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཕེབས་འབྱོར་སྐབས་ཕེབས་བསུའི་སྣེ་ལེན་ཞུས་གྲུབ་རྗེས་ཚོགས་ཁང་དུ་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས་བཀའ་བློན་མཆོག་གིས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འཛིན་སྐྱོང་སྡེ་ཚན་དང་། མཐོ་སློབ། སྐར་རྩིས་སྡེ་ཚན། སྨན་སྦྱོར་སྡེ་ཚན། སྨན་རྫས་རིག་པའི་སྡེ་ཚན། ནད་བཅོས་ཉམས་ཞིབ་དང་སེམས་ཁམས་འཕྲོད་བསྟེན་སྡེ་ཚན་བཅས་སྡེ་ཚན་ཁག་ལ་གཟིགས་ཞིབ་གནང་སྟེ་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་དང་། ཉམས་ཞིབ། ཤེས་ཡོན། རྒྱུན་འཛིན་བཅས་ཀྱི་ཐོག་རྒྱུས་ལོན་གནང་ཡོད།བཀའ་བློན་མཆོག་གིས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་དང་། སྡེ་ཚན་འགན་འཛིན། ལས་བྱེད། སྨན་པ། སློབ་གཉེར་བ། སྦྱོང་བརྡར་བ་བཅས་ཀྱི་ལྷག་བསམ་ལ་ཡི་རང་བསྔགས་བརྗོད་ཞུས་པ་དང་འབྲེལ། སྨན་རྩིས་ཁང་ནི་བོད་ཀྱི་གསོ་བ་རིག་པའི་རིག་གནས་དང་། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག སྲོལ་རྒྱུན་ཤེས་ཡོན་བཅས་ཉར་ཚགས་དང་སྲུང་སྐྱོབ་གོང་སྤེལ་སླད་གལ་གནད་ཆེན་པོ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད། དེ་བཞིན་བཀའ་བློན་པདྨ་མཚོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་ལ་ཆེ་བསྟོད་དང་འབྲེལ། བོད་ཀྱི་གསོ་བ་རིག་པ་ཉམས་ལེན་གནང་མཁན་གྱི་མི་རབས་རྒན་པ་རྣམས་ཀྱི་བཀའ་དྲིན་ལས་བཙན་བྱོལ་དུ་བོད་ཀྱི་གསོ་བ་རིག་པ་མི་ཉམས་རྒྱུན་འཛིན་གནང་ཐུབ་ཡོད་པར་བཀའ་དྲིན་རྗེས་དྲན་ཞུས་ཏེ། སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་། ཤེས་ཡོན། ཉམས་ཞིབ། སྤྱི་ཡོངས་ཀྱི་ནུས་པ་བཅས་སྲ་བརྟན་གཏོང་བར་མུ་མཐུད་འབད་བརྩོན་གནང་དགོས་པའི་སྐུལ་འདེད་གནང་བ་དང་། བོད་རིགས་དང་ཕྱི་རྒྱལ་གྱི་སློབ་མ་རྣམས་ལ་གསོ་རིག་སྐོར་སློབ་ཁྲིད་ཀྱིས་གོ་ལའི་ཐོག་བོད་ཀྱི་གསོ་བ་རིག་པའི་གོ་རྟོགས་སྤེལ་དགོས་པའི་སྐོར་གསུངས།འཕྲོད་བསྟེན་ལས་ཁུངས་ནས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ལ་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་བསྐྱར་ནན་གནང་སྟེ། བོད་ཀྱི་གསོ་རིག་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ནི་ཐུན་མོང་གི་འགན་འཁྲི་ཡིན་པ་ནན་བརྗོད་གནང་ཡོད། ཁོང་གིས་རྩ་ཆེའི་གསོ་རིག་གི་རིག་གནས་འདིས་བོད་མི་ཙམ་མ་ཟད། འཛམ་གླིང་ཡོངས་ཀྱི་སྐྱེ་འགྲོ་ཀུན་ལ་མུ་མཐུད་ཕན་ཐོགས་ཡོང་བ་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པ་གསུངས། མཐར་བཀའ་བློན་མཆོག་གིས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་རྣམས་ཀྱི་ལྷག་བསམ་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང་འབྲེལ། འབྲེལ་ཡོད་ཚང་མས་མུ་མཐུད་སྒྲིག་འཛུགས་དེ་ཉིད་སྲ་བརྟན་ཡོང་སླད་ཕྱར་བ་གྲུ་འདེགས་ཀྱིས་ཕྱག་ལས་གནང་དགོས་པ་དང་། མ་འོངས་པའི་མི་རབས་གསར་པ་རྣམས་ཀྱི་ཆེད་དུ་ཐུན་མོང་མ་ཡིན་པའི་བོད་ཀྱི་གསོ་རིག་གི་རིག་གཞུང་འདི་ཉིད་སྲུང་སྐྱོབ་གནང་ཐད་འབད་བརྩོན་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་བཅས།...
བོད་ཀྱི་དཀའ་རྙོག་སེལ་ན་མ་གཏོཊ་ས་མཚམས་ཀྱི་གནད་དོན་སེལ་ཐབས་གཞན་གང་ཡང་མེད་ཅེས་གསུངས་པ།
རྒྱ་ནག་གི་བྱེད་བབ་དེར་བལྟས་ཚེ། རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སྐོར་གྱི་དམིགས་བསལ་སྐུ་ཚབ་དབར་གྱི་པེ་ཅིན་དུ་འཚོགས་པའི་གྲོས་མོལ་ཐེངས་ ༢༥ དེས། ས་མཚམས་ཀྱི་དཀའ་རྙོག་ཡོངས་སུ་སེལ་ཐབས་བྲལ་བ་ཡིན་ཞེས་གནད་དོན་དབྱེ་ཞིབ་པས་གསུང་གི་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལོ་བདུན་གྱི་རྗེས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། སྦརིཀསི་ (BRICS) ཞེས་པའི་ཕྱི་ཟླ་ ༩ པའི་ནང་རྒྱལ་ཁབ་ལྔའི་དབུ་ཁྲིད་ལྷན་ཚོགས་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་པའི་སྐབས་འདིར། རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨཇིཏ་ཌོ་ཝལ་ (Ajit Doval) ལགས་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) དབར་ཟླ་ ༨ ཚེས་ ༢༥ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ས་མཚམས་རྩོད་རྙོག་སྐོར་གྱི་དམིགས་བསལ་སྐུ་ཚབ་དབར་གྱི་གྲོས་མོལ་ཐེངས་ ༢༥ དེ་འཚོགས་འདུག་ཅིང་། ས་མཚམས་དང་འབྲེལ་བའི་གྲོས་མོལ་ཐེངས་རྗེས་མ་དེ་ཕྱི་ལོ་ ༢༠༢༧ ལོར་རྒྱ་གར་དུ་འ...
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་བདུན་པ་དབུ་འཛུགས།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༧ དབུ་འཛུགས་གནང་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག དཔལ་འབྱོར་བཀའ་བློན་གྱར་སར་ཚེ་རིང་དོན་གྲུབ་མཆོག ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག བློན་ཆེན་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ་དང་། ས་གནས་ཁག་གི་ས་གནས་འགོ་འཛིན་ ༣༦ དང་སོ་ནམ་སློབ་སྟོན་པ་ ༡༢ བཅས་ལྷན་འཛོམས་ཀྱིས་དབུ་འབྱེད་མཛད་སྒོ་ཚོགས་ཡོད།མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས་རིམ་བཞིན་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་ཡོད། དེ་ནས་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་གྲུབ་བསྟུན་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་ནང་སྲིད་དྲུང་ཚབ་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ཐེངས་འདིའི་ཚོགས་ཆེན་གྱི་ངོ་སྤྲོད་གསུང་བཤད་གནང་དོན། ཚོགས་ཆེན་འདིའི་ཐོག་གཙོ་བོ་གྲོས་གཞི་ལྔའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་ཞིང་། དེའི་ནང་རྒྱ་གཞུང་གིས་བོད་ནང་མི་རིགས་སིམ་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་གདོང་ལེན་བྱ་ཐབས་དང་། རྒྱ་གར་གཞུང་ནས་གནང་བའི་ས་ཆ་ཁག་བེད་སྤྱོད་ཚུལ་བཞིན་ལྡན་པ་སྤྱོད་ཐབས། ས་གནས་ཁག་གི་སྤྱི་མི་དང་བརྒྱ་དཔོན་རྣམ་པའི་ལས་དོན་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་ཐོག་གྲོས་བསྡུར། ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རྒས་གསོ་ཁང་ཚགས་ཚུད་གཏོང་ཐབས། དབུས་ས་གཉིས་ཀྱི་འཛིན་སྐྱོང་ཚགས་ཚུད་གཏོང་ཐབས་བཅས་ཡིན་པ་ངོ་སྤྲོད་གནང་།དེ་རྗེས་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་ས་གནས་འགོ་འཛིན་དང་། སོ་ནམ་སློབ་སྟོན་པ་རྣམས་ཀྱི་རྒྱུན་གཏན་འགན་ཁུར་ཞུ་ཕྱོགས་དང་འབྲེལ་བའི་ཐོག་གསུང་བཤད་གནང་སྐབས། དང་ཐོག་ཚོགས་ཆེན་འདིར་ཕེབས་པའི་མཉམ་ཞུགས་པ་རྣམས་ནས་ཟིན་བྲིས་གང་ལེགས་གནང་དགོས་གལ་ཡིན་པ་ནན་བརྗོད་གནང་། དེ་ནས་ཁོང་གིས་ས་གནས་ས་ཐོག་ཏུ་ཡོད་པའི་ས་གནས་འགོ་འཛིན་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བ་ལྟ་བུ་ཡིན་པས་ས་གནས་འགོ་འཛིན་རྣམ་པས་ཕྱག་ལས་ཡག་པོ་གནང་ཚེ་བོད་མིའི་སྒྲིག་འཛུགས་ཀྱང་དེ་ཙམ་གྱི་ཡར་རྒྱས་གོང་འཕེལ་འགྲོ་ངེས་ཡིན་པ་གསུངས། དེ་བཞིན་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་དམིགས་ཡུལ་གཉིས་བཟུང་སྟེ་ཕྱག་ལས་གནང་དགོས་པའི་ཐོག་ལམ་སྟོན་གནང་ཞིང་། ནང་སྲིད་བཀའ་བློན་མཆོག་གིས་བོད་མི་གཞིས་བྱེས་གཉིས་མཉམ་འཛོམས་མ་བྱུང་བར་དུ་བོད་མིའི་འདུ་སྡོད་ས་གནས་སོ་སོར་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་རྣམས་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་ཡིན་པ་དང་།...
སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁ་ཆོས་ལུགས་ཀྱི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་།
ཐེངས་འདིའི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་མགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་ཀྱི་འཛིན་སྐྱོང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཐོག་གྲོས་གཞི་དོན་ཚན་ལྔ་ཡི་ཐོག་ལ་གྲོས་མོལ་དང་གཏན་འབེབས་གནང་རྒྱུ་ཡིན་འདུག The post སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁ་ཆོས་ལུགས་ཀྱི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། appeared first on བོད་ཀྱི་དུས་བབ།.























